[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

ལྷུན་རྩེའི་ཡུལ་དུ་བཞད་པའི་ཐོན་ལས་ཀྱི་མེ་ཏོག་མཚར་པོ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

གསར་འགོད་པ། ལྷག་ཚེ་གཞོན་པ། བཀྲ་ཤིས་དཔལ་ལྡན། རྣམ་གླིང་རིན་ཆེན།

སྤེལ་དུས།

|

2018-11-02 10:32

  ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་ཨུད་དང་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ལྷུན་རྩེ་གྲོང་རྡལ་དུ་མི་རིགས་ལག་ཤེས་བཟོ་རྩལ་ཐོན་ལས་མཉམ་ལས་ཁང་དང་། སྔོ་ཚལ་དྲོད་ཁང་། རྒྱུད་བཟང་བ་ཕྱུགས་གསོ་ཚགས་ར་བ། བོད་བྱ་ནག་པོ་གསོ་ཚགས་རྟེན་གཞི་སོགས་ཀྱི་ཐོན་ལས་མང་པོ་ཆར་ཤུལ་གྱི་ཤ་མོང་བརྡོལ་བ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད་ཅིང་། ཕྱུག་འགྱུར་སྣེ་ཁྲིད་པ་མང་པོས་སྣེ་ཁྲིད་པའི་ཐོན་ལས་དེ་དག་གིས་གཅིག་ནས་ཡུལ་དེ་གའི་མང་ཚོགས་མང་པོ་གཞན་ཡུལ་དུ་ཞོར་ལས་ཡོང་འབབ་གསོག་པར་འགྲོ་དགོས་མེད་པར། རང་ས་རང་ཡུལ་དུ་ལས་ཀ་བྱ་ཆོག་པས། ཁོ་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། གཉིས་ནས་དབུལ་པོའི་དུད་ཁྱིམ་མང་པོའི་ཁྱིམ་ཚང་གི་དཀའ་ངལ་སེལ་རོགས་བྱས་ཏེ། ཁོ་ཚོའི་དབུལ་པོའི་ཞྭ་མོ་སྔ་ཙམ་འབུད་རྒྱུར་ཕན་པ་ངེས་ཅན་ཐོན་ཡོད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།