[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • དྲོ་སྐྱིད་སྦྱིན་ནས་མང་ཚོགས་ཀྱི་སྙིང་ཉེ་བ་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    469463_yis_1515303743240.jpg

    ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ནི་མིག་སྔར་ཕན་པ་ཐོབ་པ་དང་ཕུགས་ལ་ཕན་འདོགས་པའི་ཕན་སྦྱར་འདུ་འགོད་ཅིག་དང་། དམངས་སེམས་འདུ་འགོད་ཅིག རྨང་གཞིའི་འདུ་འགོད་ཅིག་བཅས་རེད། སྨར་ཁམས་རྫོང་གྲུ་པ་རོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བདུན(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་མངགས་གཏོང་བྱས)པས་སྨར་ཁམས་རྫོང་གྲུ་པ་རོང་གྲོང་ཚོར་བཅའ་སྡོད་བྱས་རྗེས། སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་གྲོང་སྡོད་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན། མངགས་བཅོལ་ཟབ་མོ་ཆུས་ཟོས་སུ་མི་གཏོང་བ་བཅས་བྱས་ནས་ལས་བྱེད་པའི་གྲོང་སྡོད་ཀྱི“ལས་དོན་ཁག་བདུན”ལ་དམིགས་ཏེ་གྲུ་པ་རོང་གྲོང་ཚོའི་གྲུ་པ་རོང་ཙུའུ་དང་། སྦྱར་པ་ཙུའུ། ཁང་དམར་ཙུའུ། དཔེ་སྦྱངས་ཙུའུ་སོགས་སུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་དང། ལས་བྱེད་པ་དང་ཏང་ཡོན་རྒན་གྲས། དུད་ཚང་དབུལ་པོ། མ་མཐའི་འཚོ་བ་འགན་ལེན་དུད་ཚང་སོགས་ཀྱི་འཚོ་བ་དང་ཐོན་སྐྱེད་དང་ཁོང་ཚོའི་དཀའ་གནད་སོགས་ལ་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་ནས་གྲོང་སྡོད་ལས་དོན་ལེགས་གྲུབ་ཡོང་བར་རྨང་གཞི་ཡག་པོ་བཏིང་བ་རེད།

    469464_yis_1515303744394.jpg

    འདི་ནི་སྨར་ཁམས་རྫོང་གྲུ་པ་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བརྟན་གྱིས་ལས་དོན་རུ་མིར་གྲུ་པ་རོང་གྲོང་ཚོའི་དཔེ་སྦྱངས་ཙུའུ་ཡི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    469467_yis_1515303747421.jpg

    འདི་ནི་ལས་དོན་རུ་ཁག་གིས་སྨར་ཁམས་རྫོང་གྲུ་པ་རོང་གྲོང་ཚོའི་དཔེ་སྦྱངས་ཙུའུ་ཡི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་སྐོར་གྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    469461_yis_1515303741306.jpg

    འདི་ནི་ལས་དོན་རུ་ཁག་གིས་སྨར་ཁམས་རྫོང་གྲུ་པ་རོང་གྲོང་ཚོའི་དཔེ་སྦྱངས་ཙུའུ་ཡི་ཞིང་ནང་དང་མུ་ཁར་རྨོ་ཞིང་གི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།