[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • སྤྲོ་སྣང་ལྡན་པའི་གླུ་གར་གྱིས་ཀོང་པའི་ལོ་གསར་བསུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    565596_yis_1541566348731.jpg

    འདི་ནི་རིག་རྩལ་ལས་དོན་པས་དམངས་ཁྲོད་རོལ་མོ《ཀོང་ཡུལ་གྱི་དཔྱིད་ཀ》མཉམ་དུ་ དཀྲོལ་བཞིན་པ།

    ཟླ་11ཚེས་8ཉིན་ནི་བོད་ཀྱི་ཀོང་པོའི་ལོ་གསར་ཡིན་ཞིང་། ཚེས་6ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་ཧྥུའུ་ཅན་སྤྱི་གླིང་དུ་རིག་རྩལ་འཁྲབ་སྟོན་ཆེ་གྲས་གཉེར་ནས་སྤྲོ་སྣང་ལྡན་པའི་གླུ་གར་དང་། ཐུན་མོང་མ་ཡིན་པའི་ལེ་ཚན། བྱང་ཆ་དོད་པའི་སྒྱུ་རྩལ་འཁྲབ་སྟོན་བཅས་ལས་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད། འཁྲབ་སྟོན་བྱ་ཡུལ་དུ་ད་དུང་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་ཡུལ་མི་རྣམས་ཆེད་དུ་གདན་དྲངས་ཡོད། “ཏང་གི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད། གེགས་བར་ཐོན་རྗེས་ཏང་དང་སྲིད་གཞུང་གིས་ང་ཚོའི་ཚེ་སྲོག་བདེ་འཇགས་དེ་ཐོག་མཐའ་བར་གསུམ་དུ་གཙོ་བོར་འཇོག་པ་དང་། གེགས་བར་བྱུང་བའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱས་པས་ལོ་གསར་འདི་འཁྲུག་པོ་དང་སྐྱིད་པོ་ཞིག་གཏོང་ཐུབ་པའི་ཡིད་ཆེས་ཡོད”ཅེས་རྒྱ་ལ་གྲོང་ཚོའི་མང་ཚོགས་བསྟན་པས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།