[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • མལ་གྲོ་གུང་དཀར་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་འཕྲལ་སྡོམ་འགན་སྲུང་དང་སྒྲིག་འཛུགས་ལས་དོན་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ། རླུང་འཕྲིན་དང་བརྙན་འཕྲིན་བདེ་འཇགས་ངང་གཏོང་སྤེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། མལ་གྲོ་གུང་དཀར་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། འཕྲལ་སྡོམ་འགན་སྲུང་དང་སྒྲིག་འཛུགས་ལས་དོན་དོན་འཁྱོལ་བྱས་པ་རེད། ད་དུང་རླུང་འཕྲིན་དང་བརྙན་འཕྲིན་བདེ་འཇགས་ངང་གཏོང་སྤེལ་བྱེད་པའི་འཕྲལ་སྡོམ་ཇུས་གཞི་བཟོས་པ་དང་། དུས་བཀག་ལྟར་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་བྱ་ཐབས་དོན་འཁྱོལ་ལ་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག རླུང་འཕྲིན་བརྙན་འཕྲིན་གྱི་གསར་འགྱུར་རྩོམ་སྒྲིག་འཁོར་ཁང་དང་གཏོང་སྤེལ་འཁོར་ཁང་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལས་ཁུངས་ཀྱི་གློག་སྤྱོད་སྒྲིག་ཆས་དང་གློག་སྐུད་ཀྱི་བདེ་འཇགས་ལ་གཙོ་གནད་ཞིབ་བཤེར་དང་ཉམས་བཟོ་བྱས་ནས་གློག་མཁོ་འདོན་གྱི་བདེ་འཇགས་དང་བདེ་བླག་ལ་འགན་ལེན་བྱས་པ་རེད།

    651704_yis_1565601323486.jpg

    འདི་ནི་ལས་དོན་པས་སྒྲིག་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།