[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • མངོན་མིན་ཤུལ་བཞག་རྣམ་གྲངས་4རྒྱལ་ཡོངས་མཉམ་འགྲེམས་ནང་ཞུཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-12

    2017ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མུ་འབྲེལ་བྱེད་སྒོ —— ཀྲུང་གོ(ཁུན་མིང)ཀོན་ཏུའུ་རྒྱལ་ཡོངས་མངོན་མིན་རིག་གནས་ཤུལ་བཞག་མཉམ་འགྲེམས་སྐབས་བདུན་པ་ཟླ་6ཚེས་10ནས་12ཉིན་བར་ཡུན་ནན་ཁུན་མིང་གྲོང་ཁྱེར་ཀོན་ཏུའུ་གནའ་བོའི་གྲོང་རྡལ་དུ་བྱས་པར།  རང་ལྗོངས་ཀྱི་ཐང་ག་དང་། ཆུ་ཤུར་འཇུན་པའི་ཀོ་ཆས་བཟོ་རྩལ། པད་ནག་གི་ཟངས་རྡུང་ལག་རྩལ། སྙེ་མོ་ཐོན་པའི་སྤོས་བཟོ་རྩལ་སོགས་ཞུགས་ཡོད་པ་རེད།

    ཀྲུང་གོ(ཁུན་མིང)ཀོན་ཏུའུ་རྒྱལ་ཡོངས་མངོན་མིན་རིག་གནས་ཤུལ་བཞག་མཉམ་འགྲེམས་ནི་མིག་སྔར་ལྷོ་ནུབ་ས་ཁུལ་གྱི་རྒྱལ་ཡོངས་ལ་ཕྱོགས་པའི་སྤྱི་ཕན་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་འདུ་ཚོགས་འབའ་ཞིག་དེ་ཡིན་ལ། འདི་ལོར་བོད་ལྗོངས་ཚུད་པའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་17གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་70མཉམ་འགྲེམས་ནང་དུ་ཞུགས་ཤིང་། འགྲེམས་སྟོན་རྣམ་གྲངས་ནང་དུ་སྲོལ་རྒྱུན་ལག་རྩལ་དང་། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་གསོ་རིག་སྨན་རྫས། སྲོལ་རྒྱུན་བཟའ་བཏུང་རིགས་སོགས་ཚུད་ཡོད་པ་ལས་རྒྱལ་ཁབ་རིམ་པའི་རྣམ་གྲངས་29དང་། ཞིང་ཆེན་རིམ་པའི་རྣམ་གྲངས་19 གྲོང་ཁྱེར(རྫོང)རིམ་པའི་རྣམ་གྲངས་22ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་ལས་དོན་མི་སྣ་མིག་དམར་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་བོད་ཀྱི་ཚབ་ཞུས་ནས་མཉམ་འགྲེམས་ནང་ཞུགས་པའི་རྣམ་གྲངས་ཚང་མར་སོ་སོའི་ཁྱད་ཆོས་ལྡན་པ་དཔེར་ན། འཇུན་པའི་ཀོ་ཆས་བཟོ་རྩལ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡིན་པ་དང་། འཇུན་པ་གྲོང་ཚོར་གནའ་ནས་བཟུང་ཐུན་མོང་མ་ཡིན་པའི་ཀོ་ཆས་ལས་སྣོན་བྱེད་པའི་སྲོལ་རྒྱུན་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་70%ཙམ་གྱིས་ཁྱིམ་ཚང་བཟོ་ཁང་གི་རྣམ་པའི་ཐོག་ནས་ཀོ་གྲུ་ཆུང་གྲས་དང་། རྩམ་ཁུག   ཇ་ཁུག་སོགས་ཀོ་བཟོས་ཐོན་རྫས་བཟོ་གི་ཡོད་པ་རེད། འཇུན་པ་གྲོང་ཚོའི་ཀོ་ཆས་ལས་སྣོན་རིགས་མང་པོ་ཡོད་པ་ལས་མང་ཆེ་བ་འཚོ་བའི་ཡོ་ཆས་དང་ཁྱིམ་ཚང་གི་སྒྲིག་ཆས་ཡིན་ལ། གཙོ་བོར་གླང་ཀོ་དང་། ལུག་ལྤགས། གཟིག་ལྤགས། གླ་ལྤགས། ཉ་ལྤགས་སོགས་སྤྱོད་ཀྱི་ཡོད་པ་རེད། སྤྱོད་སྒོ་མི་འདྲ་བར་དམིགས་ནས་ཀོ་རིགས་མི་འདྲ་བ་འདེམས་ཀྱི་ཡོད་པ་དཔེར་ན་ཌ་མ་རུ་བཟོ་བར་ཉ་ལྤགས་སྤྱོད་ཀྱི་ཡོད་པ་རེད། ཡིན་ན་ཡང་ད་ཆ་ཚོང་དུད་ཀྱི་དགོས་མཁོ་ལྟར་ཀོ་རིགས་འདེམས་པ་ཡང་ཡོད། 2009ལོའི་ཟླ་བདུན་པར་འཇུན་པའི་ཀོ་ཆས་བཟོ་རྩལ་དེ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གསུམ་པའི་མིང་གཞུང་ནང་དུ་ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།