[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • གེ་སར་རྟ་རྒྱུག་དུས་ཆེན་སྐབས་བཅུ་གཅིག་པ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།   ​ མི་དམངས་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-15

    མི་དམངས་དྲ་བའི་འཕྲིན། རྨ་ཆུ་ས་ཁུལ་ནི་ཀྲུང་གོའི་མིང་དུ་གྲགས་པའི་རྟ་མཆོག་ཐོན་ཁུལ་ལྟེ་བ་ཡིན་ཞིང་། དེ་རུ་གནའ་སྔ་མོ་ནས་བཟུང་རྟ་རྒྱུག་འགྲན་བསྡུར་ཆེན་པོ་བྱེད་པའི་ལུགས་སྲོལ་ཡོད་པ་དང་། 2012ལོར་རྒྱལ་ཁབ་ལུས་རྩལ་ཅུས་ཀྱིས“ཀྲུང་གོའི་རྟ་རྒྱུག་འགྲན་བསྡུར་བྱ་ཡུལ”ཞེས་པའི་མིང་བཏགས་པ་རེད། ཉེ་བའི་ལོ་འགའི་རིང་དུ་གེ་སར་རྟ་རྒྱུག་དུས་ཆེན་གྱི་གཞི་རྒྱ་དང་བག་ཆགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཆེན་པོ་དང་ཡུལ་སྐོར་རིག་གནས་སྤུས་རྟགས་སྙན་གྲགས་ཆེན་པོ་ཞིག་ཏུ་གྱུར་ཡོད། སྐབས་འདིའི་རྟ་རྒྱུག་དུས་ཡུན་ནི་ཉིན་5གཏོང་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ནས་ཡོང་བའི་འཐུས་ཚབ་ཚོགས་པ་40ཡི་འགྲན་ཞུགས་པ་643འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།