[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • སྲོལ་རྒྱུན་ལག་ཤེས་མཚོ་མོའི་རྒྱུན་བཞིན་འཛིན། གསོན་ཤུགས་གསར་པ་ཐབ་ནང་མེ་ལས་ཚ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-08

    luyj884_s.jpg

    དངུལ་ཕོར་མཚར་སེ་མཚར།

    བོད་ཀྱི་གསེར་དངུལ་ཟངས་ཆས་བཟོ་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། གནའ་སྔ་མོ་ནས་བོད་དུ་གསེར་དངུལ་ཟངས་ཆས་ཀྱི་ལས་རིགས་དར་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་སྐྱེད་ཚལ་གསེར་དངུལ་ཟངས་ཆས་དང་གོས་ཆེན་བཟོ་རྩལ་པ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གསུམ་པའི་ནང་ཚུད་པ་ནས་བཟུང་། བོད་རིགས་ཀྱི་གསེར་དངུལ་བཟོ་རྩལ་ལྗོངས་ཕྱི་ནང་གང་སར་སྐད་གྲགས་ཆེན་པོ་ཡོད་པ་རེད། རང་ལྗོངས་ཀྱི་གསེར་དངུལ་ཟངས་ཆས་ཐོན་རྫས་ལ་མི་དེ་བས་མང་བའི་དོ་ཁུར་ཐོབ་ཡོད་པ་རེད།

    luyj885_s.jpg

    དངུལ་ཕོར་རྡུང་རྩལ་བསྟོད་སེ་བསྟོད།

    ཕ་དང་མཉམ་དུ་འབད་བརྩོན་བྱས།

    བཟོ་རྩལ་ཆེ་མོ་དབུན་ལགས་མཚོ་སྔོན་ནས་ཡིན་ཞིང་། ཁོང་གིས་དགོད་འཚེར་འཚེར་ངང་གསར་འགོད་པར་རང་ཉིད་ཀྱིས་ལས་ཀ་དེ་བྱས་ནས་ལོ་གཅིག་ལྷག་ཙམ་ལས་ཕྱིན་མ་སོང་། ལག་རྩལ་དེའང་བུའི་ས་ནས་སྦྱངས་པ་ཡིན། བུ་དམའ་རིམ་སློབ་འབྲིང་ཐོན་རྗེས་རང་ཉིད་ཀྱི་རྒན་ལགས་ཀྱི་ས་ནས་ལག་རྩལ་དེ་སྦྱངས་པ་དང་དགེ་ཕྲུག་ལོ་གསུམ་བྱས་རྗེས་ཟངས་ཆས་བཟོ་བའི་ལས་རིགས་ནང་ལོ་བཅུ་ལྷག་ཙམ་འབད་བརྩོན་བྱས་ཡོད་པ་རེད། ཕྱིས་སུ་ང་རང་བུས་ལྷ་སར་འཁྲིད་བྱུང་ཞེས་བཤད།

    བཟོ་རྩལ་ཆེ་མོ་དབུན་ལགས་ཀྱི་བུ་དབུན་ཀྲུའུ་དབྱིང་2008ལོར་ལྷ་སར་སླེབས་པ་ནས་ད་བར་ལས་ཀ་དེར་རྩེ་གཅིག་ཏུ་གཞོལ་བཞིན་མཆིས། དབུན་ཀྲུའུ་དབྱིང་གིས་གསར་འགོད་པར་ང་ཚོས་གཙོ་བོ་ཟངས་ཆས་ལས་སྣོན་དང་ཐོན་རྫས་གྲས་སུ་ཟངས་ཅོང་དང་དགོན་སྡེའི་རྒྱ་ཕིབས་སོགས་ཡོད། ང་ཚོས་ཟངས་ཆས་ལས་སྣོན་རགས་ཙམ་བྱེད་པ་དང་བཟོ་ལྟ་གཙོ་བོ་བཏོན་རྗེས་ཚ་ལ་རྒྱག་པ་དང་། བརྡར་བ། བརྐོས་རྒྱག་པ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་ཀ་ཁང་པའི་ཕྱིར་བྱེད་པ་དང་། དེ་རྗེས་གསེར་ཆུ་བྱུག་པར་སྐྱེལ་གྱི་ཡོད། ཟངས་ཆས་ལ་གསེར་ཆུ་བྱུག་རྗེས་རྦད་དེ་གསར་རྐྱང་ལ་འགྱུར་གྱི་ཡོད་ཅེས་བཤད།

    དབུན་ཀྲུའུ་དབྱིང་གིས་ངའི་ངོས་ནས་བརྗོད་ན། ལོ་བཅུ་ལྷག་ཙམ་ནང་ཟངས་ཆས་ལས་སྣོན་དང་བཟོ་བའི་ལས་ཀར་གཞོལ་བས་དེ་ནི་ལག་རྩལ་ཞིག་ཡིན་ལ་འཚོ་བ་འཕྱིས་ཐབས་ཤིག་ཀྱང་ཡིན། ངའི་ལག་ཐོགས་ཁ་པར་ནང་ང་ཚོས་བཟོས་པའི་ཟངས་ཆས་ཀྱི་བཟོ་ལྟ་སྣ་ཚོགས་ཡོད། འདི་ནི་ང་ཚོའི་ངལ་རྩོལ་གྱི་གྲུབ་འབྲས་ཡིན་པས་སྐབས་རེ་དེ་དག་ལ་ལྟ་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

    ལག་ཐོགས་ཁ་པར་ནང་གི་པར་དེ་དག་ལ་ལྟ་བཞིན་བཟོ་ལྟ་ལེགས་ལ་སྤུས་ཀ་དག་པའི་ཟངས་ཆས་དེ་དག་གི་སྟེང་དུ་འབྲུག་དང་། ཁྱུང་། རི་དྭགས། སྤྲིན་བཟང་སོགས་བརྐོས་བརྒྱབ་ཡོད་པ་ལས་དབུན་ཀྲུའུ་དབྱིང་གི་ཟངས་ཆས་ལས་སྣོན་བཟོ་རྩལ་གྱི་བྱང་ཆུབ་པའི་ལག་རྩལ་མངོན་པ་དང་བོད་རིགས་ཀྱི་ལྕགས་རིགས་བཟོ་རྩལ་གྱི་བཀྲག་མདངས་འཚེར་སའང་མངོན་གྱི་ཡོད་པ་རེད།

    luyj887_s.jpg

    དངུལ་ཆས་རྡུང་རྩལ་ལེགས་སེ་ལེགས།

    ནང་མི་གསུམ་པོ་མཉམ་དུ་འབྱུང་འགྱུར་བཏོད།

    གསེར་དངུལ་ལས་སྣོན་ཁྲོམ་རའི་དབུས་ནས་གསར་འགོད་པས་ལམ་གཡས་ངོས་ཀྱི་ཚོང་ཁང་ཆུང་ཆུང་ཞིག་མཐོང་བྱུང་བ་དེའི་ནང་དངུལ་ཆས་མང་པོ་བསྒྲིགས་ཡོད་པའི་ཁྲོད་ལག་གདུབ་དང་སྐེད་རགས་སོགས་ཡོད་པ་རེད། ཚོང་སྒྲོམ་མདུན་དུ་བསྡད་པའི་ཤ་རྩི་ཅུང་ནག་པའི་ལག་རྩལ་པ་ཞིག་གིས་དངུལ་གྱི་སྐེད་རགས་ཤིག་ལ་བརྐོས་རྒྱག་བཞིན་འདུག

    ཁོང་གི་རུས་མིང་ལ་ཚུན་ཟེར་བ་དང་ཡུན་ནན་ཏ་ལིའི་ཧོ་ཆིང་རྫོང་ནས་ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཚོང་ཁང་ནང་གི་དངུལ་ཆས་གཞན་དེ་དག་ཀྱང་ཁོང་གིས་བཟོས་པ་ཞིག་ཡིན་པ་རེད། ཁོང་གིས་ང་ཚོའི་ལག་རྩལ་ནི་ཕ་ཡུལ་ཡུན་ནན་གྱི་གང་སར་མཐོང་རྒྱུ་ཡོད་པ་དང་མང་ཆེ་བ་ནི་མེས་པོས་བཞག་པའི་ལག་རྩལ་རེད། ང་ཚོ་ནི་1996ལོར་བོད་དུ་ཡོང་བ་དང་ད་བར་ལོ་20ལྷག་ཙམ་ཕྱིན་སོང་། ད་ཆ་བཟའ་ཟླ་དང་ཕྲུ་གུ་ཚང་མ་མཉམ་དུ་ཡོད། ཕྲུ་གུ་དམའ་རིམ་སློབ་འབྲིང་ཐོན་རྗེས་ལག་རྩལ་འདི་རྒྱུན་འཛིན་བྱེད་དུ་འཇུག་རྩིས་ཡོད། ད་ཆ་ངར་རོགས་པ་བྱེད་ཐུབ་ཀྱི་འདུག ད་ཆའི་འཚོ་བར་བློ་ཡིད་ཚིམ་པོ་འདུག་ཅེས་བཤད།

    དེ་གའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྐོར་གླེང་སྐབས་བཟོ་རྩལ་ཆེ་མོ་ཚུན་ལགས་ཀྱིས་གསར་འགོད་པར་ད་ཆ་བཟོ་བཞིན་པའི་སྐེད་རགས་མང་ཆེ་བ་ནི་བོད་རིགས་ཀྱིས་མངགས་པ་ཤ་སྟག་ཡིན། སྐེད་རགས་འདི་ལྟ་བུ་བཟོ་བར་ཉིན་གཉིས་ཙམ་འགོར་གྱི་ཡོད། བོད་རིགས་གྲོགས་པོ་ཚོ་བབ་ཆགས་ལ་སེམས་རྩ་འཁོལ་བ་མ་ཟད། ཁོང་ཚོ་ཚང་མ་སེམས་པ་བཟང་བས་ཁོང་ཚོའི་ཅ་དངོས་བཟོ་འདོད་ཧ་ཅང་ཆེན་པོ་འདུག འདི་གར་རང་ཉིད་ཀྱི་དུས་ཆེན་གཏོང་ཐུབ་པ་མ་ཟད། ད་དུང་བོད་རིགས་གྲོགས་པོ་ཚོ་ལོ་གསར་གཏོང་སྐབས་ང་ཚོས་མཉམ་དུ་རྟེན་འབྲེལ་ཞུ་གི་ཡོད་ཅེས་བཤད།

    luyj888_s.jpg

    དངུལ་ཐུར་མཛེས་སེ་མཛེས།

    བརྩེ་དུང་གི་ལས་འབྲེལ་མདུད་པས་ལྷ་སར་མཉམ་འཛོམས་བྱུང་།

    ཁྲོམ་གཞུང་གཡོན་ངོས་སུ་གནས་པའི་དངུལ་ཆས་ཚོང་ཁང་ནང་ནས་གསར་འགོད་པར་ཡུན་ནན་གྱི་རུས་མིང་ལ་ཚུན་ཟེར་བའི་གཞོན་ནུ་མ་གཞན་ཞིག་ངོ་ཤེས་བྱུང་། ཁོང་གི་མིང་ལ་ཚུན་ཡུས་ཞ་ཞེས་འབོད་པ་དང་སྤྱང་གྲུང་ལྡན་ལ་གྲུང་ཤ་དོད་པའི་ཁོང་གིས་ཚོང་ཁང་ནང་ཡོང་མཁན་སྐུ་མགྲོན་ཚང་མར་ཐོན་རྫས་རེ་རེ་བཞིན་ངོ་སྤྲོད་བྱས། ཚུན་ཡུས་ཞ་ཡིས་གསར་འགོད་པར་ངས་གཙོ་བོ་དངུལ་ཆས་འཚོང་འགན་འཁུར་བ་དང་ངའི་ཁྱོ་ག་ནི་མིང་དོན་མཚུངས་པའི་དངུལ་ཆས་བཟོ་མཁན་ཞིག་རེད། ཁོང་གིས་དངུལ་ཆས་བཟོས་ནས་ལོ་བཅུ་གྲངས་ཁ་ཤས་ཕྱིན་པ་དང་ཚོང་ཁང་ནང་གི་དངུལ་ཆས་མང་ཆེ་བ་ཁོང་གིས་བཟོས་པ་རེད་ཅེས་བཤད་བྱུང་།

    luyj886_s.jpg

    སྲོལ་རྒྱུན་ལག་རྩལ་མ་ཉམས་རྒྱུན་འཛིན་ལས་ལ་གཞོལ།

    ཚུན་ཡུས་ཞ་ཡིས་ངས་རྒྱུན་དུ་མཐོང་བ་ནི་ངའི་ཁྱོ་གས་དངུལ་ཆས་རྡུང་བའི་གཟུགས་བརྙན་རེད། ཁོང་གིས་ཞོགས་པ་སྔ་པོ་ནས་ལངས་ཏེ“དངུལ་ཆས་རྡུང་བའི་ལས་ལ་བྲེལ་ནས”ཉིན་གཅིག་གི་འཚོ་བ་འགོ་བཙུགས་པ་དང་མཚན་མོར་དངུལ་ཆས་རྡུང་བའི་སྒྲའི་ཁྲོད་ཉིན་དེའི་ལས་ཀ་མཇུག་འགྲིལ་གྱི་ཡོད། “ང་ལ་བག་ཆགས་ཟབ་ཤོས་བཞག་པ་དེ་ནི་ཁོང་གིས་མེ་ཐབ་སྤྱད་དེ་དངུལ་ཆས་བསྲེགས་པའི་གཟུགས་བརྙན་དེ་རེད། དངུལ་གྱི་རྒྱུ་ཆ་ཅུང་མཉེན་པས་མེར་བསྲེགས་ནས་དམར་རྐྱང་ཆགས་སྐབས་ཐོ་བས་དངུལ་གྱི་ཟུར་རྣམས་བརྡུངས་ཀྱི་ཡོད། ཐེངས་ཁ་ཤས་བརྡུངས་རྗེས་མེ་ཐབ་ནང་བསྲེགས་ནས་གཤེར་གནོན་ཡོ་ཆས་ཀྱིས་ཧ་ཅང་སྲབ་པའི་སྒོར་ལྷེབ་ཅིག་བཟོ་བ་དང་དེ་རྗེས་ཕོར་པའི་དཔེ་དབྱིབས་ནང་བླུགས་ནས་ཕོར་པའི་བཟོ་ལྟ་བཞིན་བཟོ་གི་ཡོད”ཅེས་བཤད།

    ཁྱོ་ག་དང་འཚོ་བ་སྐྱེལ་བའི་སྐོར་གླེང་སྐབས་ཚུན་ཡུས་ཞ་ཡི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་དུ“ང་གཉིས་ཡུན་ནན་ནས་ཡིན་པ་དང་ཆུང་དུས་ནས་ཕན་ཚུན་ངོ་ཤེས་ཀྱི་ཡོད། ཁོང་ངའི་སྔོན་ལ་ལྷ་སར་ཡོང་བ་དང་དེ་རྗེས་ང་རང་ལྷ་སར་ཡོང་བ་ཡིན། དུས་ཚོད་ནི་དངོས་འབྲེལ་འགྲོ་མགྱོགས་པ་ཞིག་རེད་ཨང་། ད་ཆ་ཕྲུ་གུ་ཡང་ལོ་བཞི་ལ་སླེབས་པ་དང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།