[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>ལེགས་བཤད་འོས་སྦྱོར།
  • སྤྲོ་སྣང་སྦྱིན་པའི་ཚིག་རྒྱག་གཅེས་བཏུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-01

    རི་རྒྱལ་ལྷུན་པོས་གཙོ་བྱས། །

    རི་ལས་རི་རྒྱུད་དྲན་བྱུང་། །

    དྲིན་ཆེན་ཕ་མས་གཙོ་བྱས། །

    གཉེན་ལས་གཉེན་འཁོར་དྲན་བྱུང་། །

    ཤར་ཕྱོགས་སྤྲིན་བཟང་དཀར་པོ། །

    འཇམ་པོའི་བལ་དུ་སོང་ན། །

    རང་སེམས་དགའ་བའི་མི་ལ། །

    གོས་སྣ་རེ་རེ་བཟོས་ཆོག །

    དཀར་ཡོལ་དཀར་གཙང་ནང་ལ། །

    སེང་གེའི་འོ་མ་བླུགས་ཡོད། །

    དཀར་ཡོལ་ཆག་ཀྱང་དཀར་པོ། །

    འོ་མ་ཟགས་ཀྱང་དཀར་པོ། །

    ཕ་ཡུལ་ཕྱོགས་ནས་ཡོང་དུས། །

    སུ་ཡང་དྲན་པ་མ་བྱུང་། །

    ལ་མོ་གཅིག་བརྒྱབ་གཉིས་བརྒྱབ། །

    ང་ཡང་ཨ་མ་དྲན་བྱུང་། །

    ཕ་མ་བཟང་པོའི་བུ་ཕྲུག །

    དགེ་རྒན་བཟང་པོའི་དགེ་ཕྲུག །

    ས་ཕྱོགས་གང་དུ་སོང་ཡང་། །

    ཡར་ཤོག་མར་ཕེབས་གསུང་གིས། །

    རི་བོ་ཆེན་པོ་མ་འགྱུར། །

    རི་དྭགས་ལས་ཀྱི་འཁོར་ཡོང་། །

    དྲིན་ཆེན་ཕ་མ་མ་འགྱུར། །

    བྱམས་སྐྱོང་ལས་ཀྱི་འཁོར་ཡོང་། །

    པུ་ཤུད་ཁྲ་དང་འཛིང་ན། །

    ནམ་མཁའ་བྱ་སྤུས་བརྒྱངས་ཡོང་། །

    གཙབ་གདན་རྡོ་ལ་བྱས་ན། །

    སྐུ་གྱོང་ལྕགས་ལ་རག་ཡོང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།