[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>ལེགས་བཤད་འོས་སྦྱོར།
  • གཏམ་དཔེ་རྣ་བའི་བུ་རམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-30

    དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། 

    མ་བོས་བུང་བ་ལས་ཀྱིས་འཁོར།

    མིག་ལྡན་ཀུན་གྱིས་སྔོན་རིག

    མཁས་པ་ཡིན་ན་གཞུག་རིག

    ཟུར་བསྟན་པའི་ལེབ་དང་། 

    ཕྲན་བུའི་ཆ་ནས་ཡོངས་ཤེས།

    མི་ལ་བློ་དགོས།

    ཕག་ལ་སྣ་དགོས།

    མཐོན་པོའི་ཡན་ན་མཐོན་པོ་ཡོད། 

    མཁས་པའི་ཡན་ན་མཁས་པ་ཡོད། 

    གོ་ཤེས་མེད་ན་བླུན་རྨོངས་རྟགས།

    བཟང་ངན་ཤེས་ན་བླུན་རྨོངས་མིན།

    གླེགས་བམ་ཁོག་ལ་ཡོད་ན། 

    རྩོམ་ལ་ཐོགས་པ་མི་ཡོང་།

    གོ་བའི་མི་ལ་ཚིག་གསུམ་གྱིས་ཆོག

    མགྱོགས་པའི་རྟ་ལ་ལྕག་གསུམ་གྱིས་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།