[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • ལྷ་སའི་པར་རྙིང་པ་འདི་དག་ཁྱེད་ཀྱིས་གཟིགས་མྱོང་ངམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-03

     པར་རིས་གསར་རྙིང་ནི་འཕེལ་རྒྱས་ཀྱི་བསྡུར་གཞི་གསལ་ཤོས་ཡིན།

    འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་རེད་ལ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཡང་རེད། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག བོད་ཀྱིས་མེས་རྒྱལ་འཕེལ་རྒྱས་ཀྱི་གོམ་སྟབས་དང་འགྲོགས་ནས་མདུན་སྐྱོད་བྱས་པར་བརྟེན། ད་ཆ་ཉིན་ལྟར་བོད་དུ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ལྷ་ས་ནི་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་། རིག་གནས། འཚོ་བ་བཅས་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད།  ལྷ་སའི་འགྱུར་ལྡོག་ལས། ལོ་འདི་དག་རིང་བོད་དུ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་ཚོར་ཐུབ།

    ལྷ་ས་གྲོང་ཁྱེར་གྱི་རྣམ་པ།


    གོང་གི་པར་ནི་སྔོན་མའི་ལྷ་ས་ཡིན་ཞིང་། སྐབས་དེ་དུས་ལྷ་སའི་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3ཙམ་ཡང་ཟིན་གྱི་མེད་པ་དང་། སྐབས་དེར་ལྷ་ས་ཙམ་མ་ཟད། བོད་ཡོངས་ལ་ཕོ་བྲང་པོ་ཏ་ལ་ནས་ནོར་བུ་གླིང་ཁའི་བར་གྱི་གསེག་མའི་ལམ་སྤྱི་ལེ་གཅིག་ཙམ་མ་གཏོགས་དོན་དམ་པའི་གཞུང་ལམ་ཞིག་མེད། ད་དུང་། ཁང་པ་རྙིང་ཞིང་སྲང་ལམ་གུ་དོག་པ་དང་། འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡེ་ནས་མེད་དོ།

    པར་འོག་མ་ནི་ད་ལྟའི་ལྷ་ས་ཡིན་ཞིང་། ད་ཆའི་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་དེ་སྔོན་དང་བསྡུར་ན་གནམ་ས་བླ་འོག་ཏུ་འགྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་ཡང་འགྲིམ་འགྲུལ་སྟབས་ཧ་ཅང་བདེ་བས་འཛམ་གླིང་གི་ཡུལ་སྐོར་གྱི་གནས་མཆོག་ཏུ་གྱུར་ཡོད། ད་ཆའི་ལྷ་ས་ནི་དོན་དམ་པའི་བོད་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་གྱུར་ཡོད།

    སྡོད་ཁང་རྙིང་པ།


    གོང་གི་པར་ནི། དེ་སྔའི་ལྷ་སའི་གྲོང་ཁུལ་རྙིང་པའི་སྡོད་ཁང་རྙིང་པ་ཞིག་རེད། དེའི་ནང་ཡུན་རིང་སྡོད་མྱོང་བའི་ལྷ་སའི་གྲོང་མིའི་ངོས་ནས་བརྗོད་ན། དེ་གར་ཁོ་ཚོའི་བྱིས་དུས་ཀྱི་དྲན་ཤེས་ཡོད་ལ། འཚར་ལོངས་བྱུང་བའི་དྲན་འཆར་ཡང་ཡོད།

    འོག་གི་པར་ནི། ད་ལྟའི་ལྷ་སའི་གྲོང་ཁུལ་རྙིང་པའི་“སྡོད་ཁང་རྙིང་པ་”ཞིག་ཡིན་ཞིང་། ཕྱིའི་བཀོད་པ་དང་ནང་གི་འཛིན་ཆས་ག་ནས་བལྟས་རུང་ད་ཆའི་བོད་ཀྱི་དར་རྒྱས་ཀྱི་རྣམ་པ་རྟོགས་ཐུབ་ཀྱི་ཡོད། སྡོད་ཁང་རྙིང་པ་ལ་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འགྲུལ་ཁང་དང་། དེབ་ཁང་སོགས་སུ་གྱུར་ཡོད་པས། ཡུལ་སྐོར་བ་འཚང་ཁ་ཤིག་ཤིག་ངང་འདི་གར་ཡོང་གི་ཡོད་པ་དང་། གང་འདི་ལྷ་སའི་ཁྱད་ཆོས་མངོན་པར་གསལ་བའི་གནས་ཤིག་ཏུ་འགྱུར་ཡོད།

    བར་སྐོར།

    5.jpg


    གོང་གི་པར་ནི། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་བར་སྐོར་ཡིན་པ་དང་སྐབས་དེར་ལམ་ཚང་མ་གསེག་མའི་ལམ་ཡིན་པ་དང་། ལམ་གྱི་དཀྱིལ་དུ་བཙུགས་པའི་སྟེགས་བུའི་ཐོག་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་ལ་བཀོད་འདོམས་བྱེད་བཞིན་ཡོད།

    འོག་གི་པར་ནི། ད་ལྟའི་བར་སྐོར་ཡིན་པ་དང་རྣམ་པ་གསར་རྐྱང་དུ་གྱུར་པའི་བར་སྐོར་དུ་ལམ་ཁོད་སྙོམས་ལ་གུ་ཡངས་པ་དང་། སྟར་ལ་བརྒྱུས་པ་ལྟ་བུའི་ཚོང་ཁང་ཡོད་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའང་འདི་གར་འཛོམ་བཞིན་ཡོད། དེར་བརྟེན། ད་ཆ་བར་སྐོར་ནི་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

    གཡུ་ཐོག་ལམ། 

    7.jpg


    གོང་གི་པར་ནི་གཡུ་ཐོག་ལམ་ཡིན་པ་དང་། བྱིས་པ་ཚོའི་རྒྱབ་ཀྱི་ཟམ་པ་འདི་གཡུ་ཐོག་ཟམ་པ་ཡིན་ཞིང་། སྔོན་མ་ལྷ་སར་ཁོད་སྙོམས་ལ་གུ་ཡངས་པའི་ལམ་གཅིག་ཀྱང་མེད་ལ། ངོ་དྲག་པའི་འགྲིམ་འགྲུལ་ཡོ་ཆས་ཀྱང་མཐོང་རྒྱུ་མེད།

    འོག་གི་པར་ནི་ད་ལྟའི་གཡུ་ཐོག་ལམ་ཡིན་པ་དང་། ད་ཆ་གཡུ་ཐོག་ལམ་ལྷ་སའི་གྲོང་མི་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་བཟའ་བཏུང་དང་། རོལ་རྩེད། ཉོ་སྒྲུབ་བཅས་བྱ་ཡུལ་གཙོ་བོར་གྱུར་ཡོད།

    ནོར་བུ་གླིང་གའི་ལམ་ནས་ཕོ་བྲང་པོ་ཏ་ལར་ལྟ་བ།


    གོང་གི་པར་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་པར་ཡིན་པ་དང་། སྔར་ད་ལྟའི་ནོར་བུ་གླིང་གའི་ལམ་ནས་བལྟས་ན་ཡངས་ཤིང་རྒྱ་ཆེ་བའི་ན་ཁའི་ཐོག་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་ཁོ་ན་མ་གཏོགས་མཐོང་རྒྱུ་མེད།

    འོག་གི་པར་འདི་ནི་ནོར་བུ་གླིང་ཁ་ལམ་གྱི་སྤྲིན་ཟམ་ནས་བླངས་པའི་ཕོ་བྲང་པོ་ཏ་ལ་ཡིན་ཞིང་། བདེ་ཞིང་གཙང་སྦྲ་དོད་པའི་གཞུང་ལམ་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། གཞོགས་གཉིས་སུ་གྲལ་འགྲིག་པའི་ཚོང་ཁང་གིས་ཁེངས་ཡོད་པས་སྔོན་ཆད་འདིར་ཐང་རྒོད་ཅིག་ཡིན་པ་སུ་ཡིས་རྟོགས།

    ནོར་བུ་གླིང་ཁ།


    གོང་གི་པར་ནི་དེ་སྔའི་ནོར་བུ་གླིང་ཁ་ཡིན་ཞིང་། དེ་སྔོན་ལྕགས་རི་དང་སྒོའི་གཞོགས་གཉིས་ཀྱི་རྡོའི་སེང་གེ་མ་གཏོགས་མཐའ་འཁོར་དུ་ཁང་པ་གང་ཡང་མེད།

    པར་འོག་མ་ནི་ད་ལྟའི་ནོར་བུ་གླིང་ཁ་ཡིན་ཞིང་། ད་ཆ་འདིར་བཀོད་པ་དེ་བས་མཛེས་ཤིང་ལྟ་ན་སྡུག་པར་གྱུར་ཡོད་པ་དང་། མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཀྱིས་ཁེངས་ཡོད་པས། ལྷ་སའི་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་ཞིག་ཏུ་གྱུར་ཡོད། 

    རྗོང་རྒྱབ་ཀླུ་ཁང་། 


    གོང་གི་པར་ནི་དེ་སྔའི་རྫོང་རྒྱབ་ཀླུ་ཁང་ཡིན་པ་དང་། སྐབས་དེ་དུས་ཕྲུ་གུ་རྣམས་ཀྱིས་རྟག་ཏུ་འདིར་ཆུ་བརྒལ་ནས་རྩེད་འཇོར་རོལ་གྱི་ཡོད་པ་དང་། བུད་མེད་རྣམས་ཀྱིས་འདིར་གོས་བཀྲུས་ནས་ཅི་འགྲོས་མོལ་འགྲོས་ཤོད་ཀྱི་ཡོད། ཡིན་ནའང་། རྨང་གཞིའི་སྒྲིག་བཀོད་ངོ་དྲག་པ་གཅིག་ཀྱང་མཐོང་རྒྱུ་མེད།

    འོག་གི་པར་ནི་ད་ལྟའི་ཆ་རྫོང་རྒྱབ་ཀླུ་ཁང་ཡིན་ཞིང་། ད་ཆ་འདི་ཡུལ་ལྗོངས་མཛེས་ཤིང་། འཁྲུག་ཆ་དོད་པའི་སྤྱི་གླིང་དུ་གྱུར་པ་དང་། མི་རྣམས་ཀྱིས་རྟག་ཏུ་འདིར་ལུས་སྦྱོང་བྱེད་པ་དང་དུས་མཚུངས་ཉེ་འཁོར་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་མཆིས།

    ལྷ་སའི་བརྒྱ་ཟོག་ཚོང་ཁང་།


    གོང་གི་པར་ནི། དེ་སྔའི་གཡུ་ཐོག་ལམ་དུ་ཡོད་པའི་ལྷ་ས་ཞིང་སྦོལ་བརྒྱུད་ཚོང་ཀུང་སི་ཡིན་ཞིང་། འདི་ནི་ལྷ་སའི་བརྒྱ་ཟོག་ཚོང་ཁང་གི་གཞི་མ་ཡིན་པ་དང་། ལྷ་ས་བ་རྣམས་ཀྱིས་ཚོང་ཁང་འདིར“ཞིང་སྦོལ་ཐིང་གི་ཚོང་ཁང”ཞེས་བརྗོད་པ་དང་། དུས་རབས་གོང་མའི་ལོ་རབས་80པ་དང་ལོ་རབས་90པར་ལྷ་སའི་ཚོང་ཁང་ཆེ་ཤོས་ཀྱི་གྲས་ཤིག་རེད། སྐབས་དེ་དུས་ཚོང་ཁང་འདིར་ཚོང་ཟོག་ཉོ་མཁན་གྱིས་ཁེངས་པ་དང་དར་སོ་ཆེ་བའི་ཚོང་ཟོག་ཀྱང་དེ་ནས་མ་གཏོགས་ཉོ་ས་མེད།

    འོག་གི་པར་ནི། “ཞིང་སྦོལ་ཐིང་གི་ཚོང་ཁང”གསར་པ་ཡིན་པ་དང་། ད་ཆ་མིང་བསྒྱུར་ནས།“ལྷ་སའི་བརྒྱ་ཟོག་ཚོང་ཁང”ཞེས་བཏགས་ཡོད། ཚོང་ཁང་འདི་ནི་སྔར་བཞིན་ལྷ་སའི་ཚོང་ཁང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་ཟོག་ཀྱང་གང་དགོས་ཡོད་པས། མི་རྣམས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་ཡོད། 

    ལྷ་ས་སློབ་འབྲིང་།

    19.jpg


    གོང་གི་པར་ནི་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུ་པའི་ལྷ་ས་སློབ་འབྲིང་གི་རྒྱལ་སྒོ་ཡིན་པ་དང་སྒོའི་སྟེང་དུ་ལྔ་གཅིག་ལ་རྟེན་འབྲེལ་ཞུ་ཞེས་པའི་འཕྲེད་འགལ་སྦྱར་ཡིག་བཀལ་ཡོད་པ་ནས་སྐབས་དེ་དུས་བོད་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་གྱི་ངལ་རྩོལ་མི་དམངས་ལ་མི་རྣམས་ཀྱིས་དད་མོས་དང་བརྩི་འཇོག་བྱེད་པ་མཚོན་གྱི་ཡོད།

    འོག་གི་པར་ནི་ད་ལྟའི་ལྷ་ས་སློབ་འབྲིང་ཡིན་པ་དང་། ད་ཆ་ལྷ་ས་སློབ་འབྲིང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་དང་། ཐོག་སོ་མང་བའི་སློབ་ཁྲིད་ཐོག་ཁང་དང་། མཛེས་སྡུག་ལྡན་པའི་སློབ་རའི་ཁོར་ཡུག ལེ་ལག་ཚང་བའི་སློབ་ཁྲིད་སྒྲིག་ཆས་བཅས་ཚང་མ་ནི་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སོང་བའི་བསྡུས་རིས་ཤིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།