[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དམངས་གཞས་འོས་སྦྱོར།
  •   ཀ་བ་ལ་འཇགས་མའི་ལྷན་པ།   ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ།   དཀའ་ལས་རྒྱག་པའི་དཀའ་ཆང་།མཛོ་ཕོ་བསད་པའི་སྡིག་གླ།   དཀར་པོ་གྱེན་འདེད།ནག་པོ་ཐུར་འདེད།   དཀར་ཡོལ་ཆག་ཀྱང་།རི་མོ་བློ་ལ་ངེས།   དཀོས་གཉེར་ཕྱིས་དར་མཁས་ན།གསེར་སྐུ་རག་ལ་གཏོང་འོངས།   བཀའ་རྡོ་རྗེ་གཅོད་པ།གསུང་སྤུ་གྲི་ངར་མ།   རྐང་པ་ས་ལ་མ་ཚུགས་པར།མགོ་བོས་གནམ...
  •   ཀ་རྡོ་བཞིན་དུ་བརྟན་དགོས།  ཀ་བ་བཞིན་དུ་དྲང་དགོས།   དཀར་ནག་གི་དབྱེ་བ་འབྱེད་དགོས། ཐག་ནག་གི་མདུད་པ་འགྲོལ་དགོས།   དཀར་པོ་བཏབ་སར་དཀར་པོ་ཡོང་།  ནག་པོ་བཏབ་སར་ནག་པོ་ཡོང་།   བཀའ་ཡོ་བསྲང་ཐིག་ཤིང་བསྲང་འདྲ།  ལས་བདེན་རྫུན་སྨྱུག་མ་གས་འདྲ།   སྐྱ་རེངས་ནམ་མཁའི་སྒོ་འབྱེད་ལ།  སྤར་མོས་ཁེབས་པ་ལར་ནས་མེད།   མཚོ་སྔོན་མཐོ་...
  •   ཕ་རི་སྤང་ཐང་སྟེང་ན།།   མེ་ཏོག་དཀར་སེར་དམར་ལྗང་།།   ང་རང་དགའ་བའི་མེ་ཏོག།   མཛུ་གུ་བཙུགས་ནས་བཞག་ཡོད།།   ཕ་རི་སྟག་ལྤགས་བཏིང་ཡོད།།   ཚུ་རི་གཟིག་ལྤགས་བཏིང་ཡོད།།   ཁྱིན་རྒན་རྒྱ་བོའི་ལྤགས་པ།།   འདི་ལ་འགྲོ་ཁུངས་མེད་དོ།།   ཕ་རི་བྲག་སྒང་ཐོག་ཏུ།།   ཝ་མོས་ཁྱི་འདུག་བཅས་ཡོད།།   ཝ་ལྤགས་ཅི་ཙམ་ཡག་ན།།   ཝ་ཤ་ཁྱི་ཡིས་མི...
  • མཛའ་གླུ། 2016-10-20
      ཉི་འོད་འཇམ་འཇམ་གྱི་ཁྲོད་དུ།   དཔྱིད་འགོའི་མེ་ཏོག་ནི་བཞད་བྱུང་། །   གཞོན་པའི་སྨིན་མཚམས་ཀྱི་བར་ན། །   གསང་བ་ག་ཚོད་ཅིག་སྦས་སམ།།   མཛའ་ཞེན་སེམས་མཐུན་གྱི་རི་མོ། །   ཨ་འགྲིག་ཆ་འགྲིག་ཅིག་བྲིས་ཡོད། །   འགྱུར་མེད་དམ་ཚིག་གི་གཏམ་ལན། །   ཀ་མིན་ཁ་མིན་ཞིག་མ་གསུངས།།   ཆུ་ཕྲན་ཤག་ཤག་གི་རྒྱུན་དུ། །   ཉ་མོ་འཁྱུག་འཁྱུག་གི...
  •   ཞིང་ཆུང་འདི་ལ་ཆུ་ཞིག་བཏང་ཟེར་ན། །   སྐར་མ་སྨིན་དྲུག་ནམ་མཁར་ཤར་བ་འདྲ། །   ཞིང་ཆུང་འདི་ལ་ལུད་ཅིག་བརྒྱབ་ཟེར་ན། །   ཕོ་རོག་ནག་ཆུང་ཐང་ལ་བབས་པ་འདྲ། །   ཞིང་ཆུང་འདི་ལ་རྨོད་ཅིག་བརྒྱབ་ཟེར་ན། །   གཞོན་པའི་ཕུ་དུང་གཡས་ལ་གློད་པ་འདྲ། །   ཞིང་ཆུང་འདི་ལ་སོན་ཞིག་བརྒྱབ་ཟེར་ན། །   སྐྱ་ཀ་ཁྲ་ཆུང་ཐང་ལ་བབས་པ་འདྲ། །   དཔྱི...
  •   མཆོད་ཆང་གཙང་བཞེས་གནང་དང་།   མཆོད་ཆང་གཙང་བཞེས་གནང་དང་།   གསུང་གཞས་རེ་རེ་གནང་དང་།   དགའ་དགའ་སྤྲོ་སྤྲོ་འདི་འདྲ།   སྟེང་ཕྱོགས་ལྷ་ལའང་མི་འདུག   དགའ་བའི་ཞབས་བྲོ་བརྒྱབ་ཡོད།   ཆང་དེ་དང་པོ་བཏུངས་པས།   ལུས་སེམས་སྐྱིད་དུ་ཕྱིན་སོང་།   ཕ་མ་སྤུན་མཆེད་འཛོམས་དུས།   དགའ་བའི་ཞབས་བྲོ་བརྒྱབ་ཡོད།   སྙན་པའི་གླུ་ཡང་ལེན་གྱི...
  •   སྟེང་རྡོ་ནོན་ཆུང་ན་འོག་རྡོ་འཕར།   བདེན་རྫུན་དཔོན་དང་བསྡུར་ན།   ཤི་རེས་གཡོག་ལ་བབ།   གནམ་རྡོ་ས་ལ་ལྷུང་ན།   ཐབ་རྡོ་མི་བྱེད་རང་བྱེད།   གནམ་ལ་རྡོག་རྒྱག་གཞུས་ན།   ལྟག་ཁུང་རྡོ་ལ་བརྡབ་ཡོང་།   དཔོན་དང་འདྲ་བའི་གཏམ་ཡོད་ཀྱང་།   དཔོན་དང་འདྲ་བའི་དབང་མེད།   དཔོན་རྣ་བ་མ་སྲབ་ཞིབ་ཏུ་བརྟག   གཡོག་ཞུ་ཞུ་མ་མང་རང་ཚུཌ་ཟུངས།...
  •   མི་རྒས་ན་ཡུལ་དྲན།།   བྱ་རྒས་ན་ཚང་དྲན།།   མི་ལ་དབང་དགོས།།   དབང་ལ་ཚོད་དགོས།།   བྱ་ལ་འཕུར་རྩལ་ཡོད་ན།།   གནམ་ལ་མུ་མཐའ་མེད།།   ཕ་བཟང་ལ་བུ་བཟང་།།   མ་བཟང་ལ་རྒྱུད་བཟང་།།   རང་གི་སྐྱོན་ལ་ལྟོས།།   གཞན་གྱི་ཡོན་ཏན་སློབས།།   ཕྱུག་པོའི་རྒྱུ་ལ་མ་ལྟ།།   བཙན་པོའི་གཏམ་ལ་མ་ཉན།།   ཞིང་བཏབ་ན་གཤོལ་དགོས།།   འབྲུ་འཕྱར་ན་རླ...
  • རང་རེའི་མི་རིགས་འདི་ཉིད་དུས་ཡུན་རིང་པོའི་རང་བྱུང་ཁམས་དང་འཐབ་རྩོད་དང་ཐོན་སྐྱེད་བྱེད་པའི་གོ་རིམ་ནང་། དུས་རབས་སོ་སོའི་སྤྱི་ཚོགས་འཚོ་བའི་ནང་གི་དགའ་སྐྱོ་དང། བདེ་སྡུག། འདུན་པ་སོགས་དང་། དེ་བཞིན་མི་རིགས་ཀྱི་བསམ་བློའི་འཁྱེར་བཟོ་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁམས་ཀྱི་ཆགས་ཚུལ་སོགས་མཚོན་པའི་དམངས་ཁྲོད་རྩོམ་རི...
  •   ལ་མོའི་བརྒྱབ་ཀྱི་ཆུ་དེ། །   ཟངས་སྐྱོག་དམར་པོས་གཅུས་སོང་། །   རྩིད་པས་སྒྲོག་པའི་ཟ་རུར། །   ལས་འགྲོ་མེད་པ་ཨེ་ཡིན། །   སེམས་པ་ཕར་ཤོར་མེད་པའི། །   ཚུར་ཤོར་ཧམ་པ་ཚ་བ། །   ཤ་འབྱར་ལུས་འདྲེས་མེད་པར། །   མི་ཡི་ཧམ་པ་ཚ་ལ། །   ལྕང་གླིང་ཤར་གྱི་བྱིའུ་ཆུང་། །   ལྕང་གླིང་ནུབ་ལ་མ་ཕེབས། །   གསུང་ལ་འདྲེས་པོ་བྱུང་ན། །   ཕར་སྐད...