[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དམངས་གཞས་འོས་སྦྱོར།
  • ཁམས་མི་ཉག་གི་ལ་གཞས།

  • ཡོང་ཁུངས།   མཚོ་སྔོན་པོ་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-10

    ཕ་རི་སྤང་ཐང་སྟེང་ན།།

    མེ་ཏོག་དཀར་སེར་དམར་ལྗང་།།

    ང་རང་དགའ་བའི་མེ་ཏོག།

    མཛུ་གུ་བཙུགས་ནས་བཞག་ཡོད།།

    ཕ་རི་སྟག་ལྤགས་བཏིང་ཡོད།།

    ཚུ་རི་གཟིག་ལྤགས་བཏིང་ཡོད།།

    ཁྱིན་རྒན་རྒྱ་བོའི་ལྤགས་པ།།

    འདི་ལ་འགྲོ་ཁུངས་མེད་དོ།།

    ཕ་རི་བྲག་སྒང་ཐོག་ཏུ།།

    ཝ་མོས་ཁྱི་འདུག་བཅས་ཡོད།།

    ཝ་ལྤགས་ཅི་ཙམ་ཡག་ན།།

    ཝ་ཤ་ཁྱི་ཡིས་མི་ཤ།

    མིང་པོ་ལྷ་སར་འགྲོ་ན།།

    རྨ་བྱ་སྒྲོ་ཞིག་ཁུར་ཤོག།

    ང་ཚོའི་ཚོན་ཡག་བུམ་པ།།

    ཁ་རྒྱན་མེད་ནས་བཞག་ཡོད།།

    ཆུ་ཆེན་ཡར་ལ་ལོག་འགྲོ།

    ཆུ་ཆུང་མར་ལ་ལོག་འགྲོ།

    ཆུ་ཞབས་གསེར་ཉ་མ་འོངས།།

    ཆུ་དྲེག་ཐོག་ལ་ལྷག་ཐལ།།

    ཁྱེད་རང་ཡག་ཏུ་མ་བསམ།།

    རིན་ཆེན་རིལ་བུ་མ་རེད།།

    ཁྱེད་རང་འཇིག་ཏུ་མ་བསམ།།

    བཅོ་ལྔའི་ཟླ་བ་མ་རེད།།

    གངས་རི་བསྐོར་ནས་ཡོང་ཟིག།

    གངས་ཆུ་འཐུང་ནས་ཡོང་ཟིག།

    གངས་དང་སེང་གར་ཉི་མ།།

    དགོངས་པ་ཞུས་ནས་ཡོང་ཟིག།

    ལུང་པ་སྦུག་ནས་ཡོང་བའི།།

    ཨ་མཆོད་བརྒྱ་དང་རྩ་བརྒྱད།།

    ཀ་ཁ་ཚིག་གཅིག་མི་ཤེས།།

    བཀའ་ཐང་ངས་འདོན་ཟེར་ཀི།

    ཆུང་འདྲིས་ཉིན་གཅིག་ཡོད་ཁར།།

    ཉི་མ་ལ་མོ་ཐོག་ཐོག།

    ལྷ་དང་བླ་མ་དཀོན་མཆོག།

    ཉི་མ་ཡུན་རིང་བཞག་ཆོག།

    ཁྱེད་ཉིད་ང་ལ་དགའ་ན།།

    རྒྱ་གླིང་ནང་ནས་འབོད་ཆོག།

    ང་ནི་ཁྱེད་ལ་དགའ་ན།།

    ཤེལ་སྒོའི་ནང་ནས་བལྟ་ཆོག།

    ཁྱོད་ཉིད་བླ་མ་ཡིན་ན།།

    བླ་ཁྲིའི་སྟེང་ལ་བཞུགས་རོགས།།

    ང་ཉིད་མེ་ཏོག་སེར་པོ།།

    གཡོན་སྐོར་བྱས་ནས་འགྲོ་ཆོག།

    ཁྱོད་ནི་ང་ལ་དགའ་ན།།

    སྒོ་ལ་རྡོག་ཐོ་རྒྱག་རོགས།།

    ང་ནི་ཁྱོད་ལ་དགའ་ན།།

    འདན་བུ་ཕྱེ་སར་འོང་ཆོག།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།