[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཐུབ་བསྟན་ལགས་ཀྱི་ཀྲུང་གོའི་ཕུགས་འདུན།

  • ཡོང་ཁུངས།   ​ ཞིན་ཧྭའི་དྲ་བ།    |    རྩོམ་པ་པོ།   ​བསོད་རྡོར་གྱིས་བསྒྱུར།    |    སྤེལ་དུས།   2017-09-04

    W020140604436953136479.jpg

    ད་ལྟ་དགུང་ལོ་བརྒྱད་བཅུར་སོན་པའི་རྒན་པོ་ཐུབ་བསྟན་ལགས་ནི་ལྷ་ས་གྲོང་ཁྱེར་བགྲེས་སོང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གོའི་གཞས་མ་གཏམ་ཆེད་མཁས་མཐུན་ཚོགས་ཀྱི་བློ་འདོན་པ། བོད་ལྗོངས་གཞས་མ་གཏམ་ཆེད་མཁས་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བཅས་ཡིན། ལོ་ངོ་༨༠ཡི་ལོ་ཟླ་དང་། ལོ་༧༠ཙམ་གྱི་སྒྱུ་རྩལ་བཤུལ་ལམ་བརྒྱུད་པའི་འཚོ་བ་དང་གར་སྟེགས་སུ་རྩེན་པའི་ཐུབ་བསྟན་ལགས་ཀྱི་སྐུ་གཟུགས་བདེ་ཐང་དང་། བསྟན་ཞུགས་ཚ་པོའི་བཞད་གད་ཀྱི་སྨྲ་བརྗོད་ནམ་ཡང་ཆད་དུ་མེད།  

    འཚོ་བ་དང་ཉེ་བའི་རྨི་ལམ་འཚོལ་བ།  ཐུབ་བསྟན། ཕོ། བོད་རིགས། ༡༩༣༤ལོར་ལྷ་ས་གྲོང་ཁྱེར་དུ་སྐྱེས། ༡༩༤༡ལོར་ལྷ་སའི་ཀུན་བདེ་གླིང་དགོན་པར་ཆོས་དཔེ་བསླབ། ཆུང་དུས་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་ལ་དགའ་ཞིང་། དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་བྱས། ཧུར་བརྩོན་གྱིས་ནང་མའི་སྒྱུ་རྩལ་དང་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་མོ་གེ་སར་སྒྲུང་ལ་སོགས་པ་བསླབ་ནས་སྒྱུ་རྩལ་གྱི་ཞིང་ཁམས་སུ་སྙེགས་པ་རེད།༡༩༨༤ལོར་ཀུན་བདེ་གླིང་གི་བོད་ཀྱི་ཟློས་གར་བའི་འཁྲབ་སྟོན་བྱས། བོད་ལྗོངས་ཞི་བའི་བཅིངས་གྲོལ་ཐོབ་རྗེས་ཐུབ་བསྟན་ལགས་ལ་གོ་སྐབས་བཟང་པོ་ཐོབ་ནས་ལྷ་ས་གྲོང་ཁྱེར་རིག་རྩལ་རུ་ཁག་ཏུ་ཞུགས་ཐུབ་པ་བྱུང་། ཏང་གི་སྲིད་ཇུས་དྲིལ་བསྒྲགས་གནང་ཕྱིར།  དམངས་ཁྲོད་ཀྱི་འཚོ་བར་ཟབ་ཞུགས་གནང་སྟེ།རྒྱ་ཆེ་མི་དམངས་ལ་གླུ་དང་ཞབས་བྲོ། གཞས་མ་གཏམ་ལ་སོགས་པའི་འཁྲབ་སྟོན་གང་མང་ཕུལ་བ་དང་། བོད་ཀྱི་ལོ་སར་དགོང་ཚོགས་ཆེན་མོ་སོགས་སུ་འཁྲབ་སྟོན་གང་མང་གནང་བས། རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱིས་ཡི་རང་བྱེད་ས་ཞིག་ཏུ་གྱུར།  ཐུབ་བསྟན་ལགས་འབྲས་གར་དང་། བླ་མ་མ་ཎི། གེ་སར་གྱི་སྒྲུང་ལ་སོགས་པའི་བོད་སྲོལ་རྒྱུན་གྱི་བཤད་སྟངས་ལ་བརྟེན་ནས་བརྩམས་ཆོས་གསར་བ་མང་པོ་སྒྲིག་འཁྲབ་ལ་མཁས་ཤིང་།  བོད་ཀྱི་ཁ་ཤགས་༼གླུ་གར་གྱི་རྒྱ་མཚོ༽དང་པི་ཝང་རྒྱུད་དྲུག་མས་དཀྲོལ་བའི་༼སྤོ་བོ་དང་ཚ་བོ་༽ལ་སོགས་འཁྲབ་སྟོན་དུ་མ་གནང་། ༡༩༨༧ལོར་ཁོང་དབྱིན་ཇིའི་ལུན་ཏུན་ཏུ་འཚོགས་པའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་སྟོན་སྟེང་དུ་གདན་ཞུས་ལྟར་ཕེབས་ནས་འཁྲབ་སྟོན་གནང་བ་དང་། ཕྱི་རྒྱལ་གྱི་གཟིགས་མོ་བ་རྣམས་ལ་ཀྲུང་གོའི་བོད་རིགས་ཀྱི་ཐུན་མིན་ཁྱད་ཆོས་མངའ་བའི་དམངས་ཁྲོད་སྒྱུ་རྩལ་ཐད་མིག་རྒྱ་བསྐྱེད་དུ་བཅུག

    རྗེས་སུ་དབྱི་ཐ་ལི་དང་། སུའེ་ཙེར། སུའེ་ཏེན། ཀེ་རི་སེ། ནོར་ཝེ་སོགས་ནུབ་གླིང་གི་རྒྱལ་ཁབ་ལྔས་གདན་ཞུས་ལྟར་སྐོར་བསྐྱོད་འཁྲབ་སྟོན་གནང་། དུས་རབས་༢༠བའི་ལོ་རབས་བརྒྱད་ཅུ་བའི་ཚུན་ནི། བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་མཚན་སྙན་ཤིན་ཏུ་འབར་བའི་དུས་ཤིག་ཡིན། བོད་ལྗོངས་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་སྤྲོ་ཚོགས་ནང་ཁོང་ཚོར་ཆེད་དུ་འབྲས་གར་བཤད་པའི་འཁྲབ་ཚན་བསྒྲིགས། ལོ་ལྟར་བོད་ལྗོངས་སུ་འཚོགས་པའི་ལོ་སར་དགོང་ཚོགས་སུ་ཐུབ་བསྟན་ལགས་ནས་བཤད་པའི་ཁ་ཤགས་ལ་རྒྱ་ཆེ་མང་ཚོགས་ནས་དགའ་བསུ་དཔེ་མེད་ཐོབ།

    W020140604436953297550.jpg

    ཐུབ་བསྟན་ལགས་ཀྱིས་ནམ་ཡང་རང་དཔེ་གཞན་སྟོན་གྱིས་རང་གི་ཆེས་ལེགས་པའི་ཆ་དེ་གཟུགས་མོ་བར་ཕུལ་བ་རེད། རྒྱལ་ཁབ་ཀྱི་འཁྲབ་སྟོན་རིམ་པ་ཨང་དང་པོ་མིག་དམར་ལགས་ནས། རྒན་ཐུབ་བསྟན་ལགས་ན་ཚས་རྐྱེན་པས་སྐད་ཆའང་བཤད་མི་ཐུབ་ཅིང་། གཟུགས་པོ་ཧྲིལ་པོ་རྔུལ་ཆུས་ཁེངས་མོད། ཁོང་གི་འཁྲབ་སྟོན་ལ་སླེབས་སྐབས་ཁོང་ལ་ན་ཚ་མེད་པ་དང་འདྲ་ཞིང་ཚེ་སྲོག་ལའང་མི་འཛེམ་པར་ཧུར་བརྩོན་བྱེད། ཕྱིར་སླེབས་དུས་ཁྲག་སྐྱུགས་པའང་ང་ཚོས་མངོན་སུམ་དུ་མཐོང་མྱོང་། ཁོང་ལ་བཀག་འགོག་བྱས་ཀྱང་།ཁོང་གིས་གར་སྟེགས་སུ་ཤི་ནའང་མི་འགྱོད་ཅེས་བཤད་དེ་བློ་གཅིག་སེམས་གཅིག་གིས་སྒྱུ་རྩལ་གྱི་ལས་ཀར་འབད་པ་བྱེད་ཀྱི་ཡོད་ཟེར།

    ལོ་ངོ་མང་པོར། ཐུབ་བསྟན་ལགས་ནས་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ལ་སྔོན་མེད་ཀྱི་མཛད་རྗེས་བཞག་པ་ནི། བོད་ཀྱི་སྲོལ་རྒྱུན་གྱི་གེ་སར་སྒྲུང་གླུ་གར་སྟེགས་སུ་དྲངས་ཤིང་། དབྱིན་ཇི་རྒྱལ་ས་རུ་རྟ་རྒྱུགས་ནོར་བུ་ཆ་བདུན་སྐར་ཆ་༥༥ཙམ་ལ་གླུ་རུ་བླངས་ཤིང་། རྒྱལ་ནང་དུའང་ཆེས་ཆེ་བའི་བོད་ལྗོངས་ཀྱི་རྒྱན་གོས་འཁྲབ་སྟོན་གླུ་གར་དགོང་ཚོགས་གངས་ལྗོངས་སྒྱུ་རྩལ་རྒྱ་མཚོའི་འཇུག་ངོགས་ཞེས་པ་པེ་ཅིང་དང་། ཅང་སུའུ། ཡན་ཁྲོན། སོག་ཡུལ། ཤིན་ཅང་། ཀོང་ཀྲོའུ་སོགས་སུ་འཁྲབ་སྟོན་བྱས་པ་དང་། སྒྱུ་རྩལ་ལས་རིགས་ཁང་ནས་སྤྱི་ཚོགས་རིམ་པ་སོ་སོའི་བར་གྱི་གཟིགས་མོ་བ་རྣམས་ཀྱིས་དགའ་བསུ་དཔེ་མེད་ཐོབ་པ་རེད།

    W020140604436953291138.jpg

    ལོ་ངོ་བརྒྱད་བཅུར་སོན་པའི་ཏང་ཡོན་བགྲེས་སོང་ཐུབ་བསྟན་ལགས་ནས་མི་ཚེ་ཧྲིལ་པོ་ཏང་གི་མང་ཚོགས་ལམ་ཕྱོགས་ལ་ཕུལ་བ་རེད།

    ཁོང་སྔ་གཞུག་ཏུ་བོད་ལྗོངས་བདུད་རྩི་རྟགས་ཅན་གྱི་སྒྱུ་རྩལ་འགྲན་ཚོགས་སུ་ཞུགས་པ་དང་། བོད་ཀྱི་ལོ་གསར་དགོང་ཚོགས་སུ་འཁྲབ་སྟོན་བྱས། གཞི་རིམ་དུ་བསྐྱོད་དེ་འཚམས་ཞུའི་འཁྲབ་སྟོན་དང་ཏང་གི་དམངས་ཕན་འཁྲབ་སྟོན། བོད་ལྗོངས་གསར་བའི་འཕེལ་འགྱུར་“3·28”ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཀྱི་བྱེད་སྒོ་སོགས་གང་མང་དུ་ཞུགས་པ་དང་། རང་ཉིད་ནས་གསར་གཏོད་བྱས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་འཁྲབ་ཚན་མང་པོ་དང་། བོད་ལྗོངས་ཀྱི་ཆེས་དགའ་བསུ་ཐོབ་པའི་སྒྱུ་རྩལ་འཁྲབ་སྟོན་མང་པོ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྐྱེལ་བ་རེད། ལྷག་པར་དུ་མལ་གྲོ་གོང་དཀར། ཆུ་ཤུར་སོགས་སུ་བསྐྱོད་དེ་ཏང་གི་ལམ་ཕྱོགས་སློབ་གསོའི་བརྗོད་བྱ་གསོན་ཉམས་དོད་པར་བྱས་པ་དང་། འཁྲབ་སྟོན་གང་མང་ མང་ཚོགས་ཀྱི་འཚོ་བ་དང་ཉེ་བར་མཚོན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་མངོན་པར་མཚོན་ཡོད་པ་རེད།

    ཐུབ་བསྟན་ལགས་དང་མང་ཚོགས་ནི་གཉེན་ཉེ་ཞིག་དང་འདྲ་ལ། མང་ཚོགས་ཀྱི་བདེ་སྐྱིད་ནི་གནམ་འོག་གི་དོན་ཆེན་ཞིག་ཏུ་སེམས་ཡོད། ཁོང་གིས་རྒྱུན་དུ། རང་ཉིད་ནི་འོ་ཇ་འཐུང་ཞིང་རྩམ་པ་ཟོས་ནས་འཚར་ལོངས་བྱུང་ཞིང་།ནམ་ཡིན་རུང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཞིག་ཡིན།ཁོང་ཅག་གི་བདེ་སྐྱིད་ནི་རང་ཉིད་ཀྱི་བདེ་སྐྱིད་དང་སྤྲོ་སྣང་ཡིན།ཁོང་གིས་འཁྲབ་སྟོན་པ་དག་གི་སྣེ་འཁྲིད་དེ་གཞི་རིམ་བསྐྱོད་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་མང་ཚོགས་ལམ་ཕྱོགས་ལ་མངོན་པར་ཕྱོགས།  ཁོང་གིས་གསར་གཏོད་བྱས་པའི་ཡི་གེ་ཨ་ཡི་བྱུང་བ་དང་།བཀྲ་ཤིས་ལྷུན་པོ་ལ་བསྔགས་པ་སོགས་འཁྲབ་སྟོན་དང་། ཁ་ཤགས་ར་བཟི་དང་།དགེ་རྒན་དང་ཁྱིམ་བདག  བར་བསྐོར་དུ་བཞུད་པ་སོགས་ལ་མང་ཚོགས་ཀྱིས་དགའ་བསུ་དཔེ་མེད་ཐོབ།  

    རང་ལོ་༡༠ནས་སྒྱུ་རྩལ་གྱི་ལམ་བུར་ཞུགས་ཤིང་། མི་ཚེ་གང་པོར་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་འཁྲབ་སྟོན་༤༩༥ཙམ་བྱས་པ་དང་། མང་ཚོགས་ཆེས་དགའ་ཞེན་ཆེ་བའི་གླུ་གཞས་དང་།བྲོ་གར། སྒྲ་སྙན། ལྷ་མོ་སོགས་རྣམ་གྲངས་གང་མང་ཞིག་ལ་རྒྱལ་ཡོངས་དང་བོད་ལྗོངས་ཀྱི་ཕུལ་བྱུང་གཟེངས་རྟགས་ཐོབ།

    ༡༩༨༠ལོར་ཐུབ་བསྟན་ལགས་ཀྲུང་གོ་གཞས་མ་གཏམ་ཆེད་མཁས་ཚོགས་པའི་ལས་འཛིན་པར་འདེམས་པ་དང་། ༢༠༠༦ལོར་སྐབས་བཞི་བའི་གཞས་མ་གཏམ་པད་མའི་གཟེངས་རྟགས་ཐོབ།

    ལོ་༧༠ཡི་ཚུན་ལ། ཐུབ་བསྟན་ལགས་དང་ཁོང་གི་བརྩམས་ཆོས་ཡིས་མི་རབས་འགའ་ལ་བག་ཆགས་བཞག་ཅིང་། ཀྲུང་གོའི་གཞས་མ་གཏམ་ཀྲུའུ་ཞི་གཞོན་པ་ཅིང་ཁུན་ལགས་ནས། ཐུབ་བསྟན་དགེ་རྒན་ནི་བོད་ལྗོངས་སྒྱུ་རྩལ་འཁྲབ་སྟོན་པའི་དར་ཆ་ལྟ་བུ་ཞིག་དང་ང་ཚོ་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་གྱི་དར་ཆ་ཞིག་རེད། ཅེས་བསྔགས་བརྗོད་གནང་།

    ས་ནག་ནང་ནས་ཕུགས་འདུན་བཙལ་བ།

    ཐུབ་བསྟན་ལགས་ནས། ཁ་ཤགས་བཤད་པར་གར་སྟེགས་སུ་གློག་འོད་དང་རྒྱབ་ལྗོངས་སོགས་གང་ཡང་མི་དགོས། བོད་ལྭ་ཞིག་གྱོན་ན་འགྲིག་ཡོད་པས། ཁ་ཤགས་ནི་ང་ཚོ་བོད་ལྗོངས་ཀྱི་དོན་དངོས་དང་འཚམས །  དེ་མིན་ཁ་ཤགས་ལ་བོད་ཀྱི་ཞིང་འབྲོག་མི་ཚོགས་དང་།  རྒན་དར་གཞོན་གསུམ་ཚང་མ་དགའ་ཞེན་ཆེ་བས། སྒྱུ་རྩལ་གྱི་རྣམ་པ་འདི་མུ་མཐུད་ནས་དར་སྤེལ་བྱེད་དགོས་ཟེར། ཐུབ་བསྟན་ལགས་ཀྱིས་འདི་ལྟ་བུའི་བསམ་བྱ་ཞིག་ལ་སྙེག་ནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་ཕུལ་བྱུང་གི་ཁ་ཤགས་སྐོར་ཞིག་བྱུང་ནི།  དབུལ་བཅོས་ཕྱུགས་བསྒྱུར། སྤྱི་མཐུན་གྱི་སྐད་ཆ་ཤབ་ཤུབ། ར་བཟི། གནའ་རྫས་ཀྱི་འབོད་སྐུལ་ལ་སོགས་པའོ།   ཞིང་འབྲོག་མང་ཚོགས་ལྟད་མོ་བ་འཚིང་ཁ་ཤིག་ཤིག་ངང་གར་སྟེགས་སུ་བསྐྱོད་དེ་ཐུགས་རྗེ་ཆེ་ཞུས།  ཁྱེད་ཅག་གི་ཁ་ཤགས་ཀྱིས་ང་ཚོ་ཞིང་འབྲོག་མང་ཚོགས་ཀྱིས་སེམས་ལ་ཉར་ཞིང་ཁ་ནས་བརྗོད་མི་ཤེས་པའི་སེམས་ཁམས་དངོས་བརྗོད་འདུག།  ཅེས་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱིས་ལས་བྱེད་པ་མང་པོས་སེམས་འགུལ་ཐེབས་ཞོར་དུ། ཁྱེད་ཅག་གི་འཁྲབ་སྟོན་ཐེངས་གཅིག་ནི་ང་ཚོས་ཐེངས་མང་པོར་དྲིལ་བསྒྲགས་བྱེད་པའི་ལས་ཀ་ལས་ལེགས་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།