[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བློ་བརྟན་འགྱུར་མེད་ཀྱི“རི་འཛེགས་པ”བསྟན་འཛིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    བསྟན་འཛིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཉའ་ནང་རྫོང་ཟུར་མཚོ་ཤང་དུ་སྐྱེས་པ་དང་། འཛམ་གླིང་ཐོག་ཇོ་རིའི་བྱང་འདབས་ནས་རི་རྩེར་འཛེགས་མཁན་ཁག་དང་པོའི་གྲས་ཀྱི་མགོན་པོ་རྡོ་རྗེ་དང་ཕ་ཡུལ་གཅིག་པ་ཡིན་ཞིང་། བསྟན་འཛིན་གྱིས་ཆུང་དུས་ནས་མགོན་པོ་རྡོ་རྗེར་དད་གུས་ཆེན་པོ་བྱེད་ཀྱི་ཡོད།

    “ང་ཆུང་དུས་ནས་མགོན་པོ་རྡོ་རྗེའི་མཛད་རྗེས་མང་པོ་ཐོས་མྱོང་ཡོད། རང་ཉིད་ཀྱང་རི་འཛེག་རྒྱུར་དགའ་པོ་ཡོད་པས་ཇོ་རི་འཛེག་རྒྱུ་ནི་ངའི་ཕུགས་བསམ་ཡིན”ཞེས་བསྟན་འཛིན་གྱིས་བཤད། ལོ་20ལ་སླེབས་པའི་བསྟན་འཛིན་གྱིས་ཕུགས་བསམ་དེ་འཆང་བཞིན་དུ་འདེམས་སྒྲུག་ཁག་ནས་འབུར་དུ་ཐོན་ཏེ་བོད་ལྗོངས་རི་འཛེགས་སློབ་གྲྭར་རྒྱུགས་འཕྲོད།

    2003ལོར་སློབ་མ་ཞིག་ཡིན་པའི་བསྟན་འཛིན་གྱིས་རྒྱལ་སྤྱིའི་རི་འཛེགས་རུ་ཁག་གི་རི་མཐོའི་གཞོགས་འདེགས་པ་ཞིག་གི་ངོས་ནས་ཇོ་རིར་ཐོག་མར་འཛེགས་པ་རེད། མ་གཞི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་མཐར་ཇོ་རིའི་རྩེ་མོར་འཛེགས་ཐུབ་མེད། འོན་ཀྱང་སྐབས་དེ་དུས་ཀྱི་བསྟན་འཛིན་ངོས་ནས་བརྗོད་ན། ས་བབ་སྨི་8300འཛེགས་ཐུབ་པ་ནི་གྲུབ་འབྲས་མི་དམན་པ་ཞིག་རེད། 2004ལོར་གྲ་སྒྲིག་ཡག་པོ་བྱས་པའི་བསྟན་འཛིན་ཇོ་རིའི་རྩེ་མོར་ཐེངས་དང་པོར་འཛེགས་ཐུབ་ནས་རྟག་ཏུ་རྨི་ལམ་ནང་དུ་འཁོར་བའི་མཛེས་ལྗོངས་དེ་དངོས་སུ་མིག་ལམ་དུ་མངོན། དེ་རྗེས་ཀྱི་ལོ་6ནང་བསྟན་འཛིན་གྱིས་ཇོ་རིའི་རྩེ་མོར་ཐེངས་7འཛེགས་པ་མ་ཟད། ད་དུང་ཟླ་4ཚེས་30ཉིན་ནས་ཇོ་རིའི་རྩེ་མོར་འཛེགས་པའི་འཛམ་གླིང་གི་ཟིན་ཐོ་དང་དུས་ཚིགས་གཅིག་ནང་ཇོ་རིའི་རྩེ་མོར་ཐེངས་2འཛེགས་པའི་རྒྱལ་ཡོངས་ཀྱི་ཟིན་ཐོ་བཏོད་པ་རེད། གཞན་ཡང་བསྟན་འཛིན་གྱིས་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་ཇོ་རི་ནས་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་བྱས་ཤིང་། དཔལ་འབར་ཇོ་རིར་བརྒྱུད་སྤྲོད་བྱེད་རིང་འགྲོ་ལམ་གཤོང་བའི་ལས་ཀ་བྱས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བདེ་བླག་ངང་ཇོ་རིའི་རྩེ་མོར་བརྒྱུད་སྤྲོད་ཐུབ་པར་གཞོགས་འདེགས་བྱས་ཡོད།

    བསྟན་འཛིན་ལྟ་བུའི་རི་འཛེགས་སྣེ་ཤན་པ་མང་པོའི་ངོས་ནས་བརྗོད་ན། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་རྒྱུ་དེ་ཁོང་ཚོས་རྒྱུན་གཏན་ནས་བྱེད་པའི་བྱ་བ་ཞིག་ཡིན། ལུས་སྟོབས་དང་ལོ་ནའི་ཚོད་འཛིན་དང་། ཁྱིམ་ཚང་གི་སེམས་ཁྲལ། འབྱུང་འགྱུར་ལ་བསམ་གཞིག་བཅས་བྱས་པ་བརྒྱུད་2012ལོར་ལོ་30ལ་སླེབས་པའི་བསྟན་འཛིན་ལ་ལས་ཀ་བསྒྱུར་བའི་བསམ་བློ་འཁོར། ཁོང་གིས་ཆེད་ལས་ཅན་གྱི་ཁང་ཕྱིའི་ཞབས་ཞུ་ཀུང་སི་ཞིག་བཙུགས་ཏེ་རི་འཛེགས་དེ་རྒྱུན་གཏན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཏུ་འགྱུར་རྩིས་བྱས།

    “རི་འཛེགས་པ་ལྟར་ངས་ཚེ་གང་རིང་གྲུབ་དཀའ་བའི་བྱ་བ་སྣ་ཚོགས་ལ་འགྲན་སློང་བྱེད་འདོད་འདུག་ལ་ས་ཕྱོགས་གང་སར་མྱོང་རོལ་བྱེད་པར་འགྲོ་འདོད་ཀྱང་འདུག”གླ་ཕོགས་མཐོ་ལ་བརྟན་པོ་ཡོད་པའི་རི་མཐོའི་སྣེ་ཤན་པའི་ལས་ཀ་ནས་དགོངས་པ་ཞུ་སྐབས་བསྟན་འཛིན་ལོ་སུམ་ཅུ་ལྷག་ཙམ་ལ་སླེབས་ཟིན། བསྟན་འཛིན་གྱིས་ཆུང་དུས་ཀྱི་གྲོགས་པོ་བསྟན་འཛིན་གཞོན་པ་དང་མཉམ་དུ་བོད་ལྗོངས་མཱ་ཁ་ལུ་ཁང་ཕྱིའི་ཉེན་བརྟག་མྱུལ་དཔྱད་ཀུང་སི་བཙུགས་པ་དང་འབྲེལ། ཚོང་རྟགས་ཀྱང་ཐོ་བཀོད་བྱས་པ་རེད། ཁོང་གི་ཀུང་སི་དེ་ཉེན་བརྟག་མྱུལ་དཔྱད་ཀུང་སི་གཞན་དག་དང་མི་འདྲ་བར་མི་གཤིས་ཅན་དང་། ཚན་རིག་ཅན། གོ་རིམ་ཅན་བཅས་ཀྱི་རྣམ་པའི་ཐོག་ནས་རྐང་ཐང་དང་། ཕྱོགས་ཐོན། སྒར་སྡོད། འཁོར་གཏོང་སོགས་རིགས་མི་འདྲ་བའི་ཁང་ཕྱིའི་བྱེད་སྒོ་དང་ཉེན་བརྟག་མྱུལ་དཔྱད་བྱེད་སྒོ་སྤེལ་རྒྱུར་གཞོལ་ནས་ཁང་ཕྱིའི་བྱེད་སྒོར་དགའ་པོ་བྱེད་མཁན་ཡོངས་ཀྱིས་བོད་ཀྱི་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མྱོང་རོལ་ཐུབ་པ་བྱས་ཡོད།

    439510_yis_1506762414772.jpg

    འདི་ནི“རི་དང་བྲག་གང་ཞིག་འཛེགས་རུང་རི་འཛེགས་ཡོ་བྱད་འཚམ་པོ་ཞིག་བདམས་ནས་གྲ་སྒྲིག་ཨང་བསར་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ”ཞེས་བསྟན་འཛིན་གྱིས་སྐད་ཆ་ཤོད་ཀྱིན་དུ་རི་འཛེགས་ཡོ་བྱད་བསྡུ་གསོག་རྒྱག་བཞིན་པ།

    439501_yis_1506762399125.jpg

    འདི་ནི་རི་མཐོའི་སྣེ་ཤན་པ་ཚེ་རིང་བསམ་གྲུབ་ཀྱིས་ཁང་ནང་དུ་བྲག་འཛེགས་སྦྱོང་བརྡར་བྱེད་བཞིན་པ།

    439502_yis_1506762400794.jpg

    འདི་ནི་ཁང་ནང་གི་བྲག་འཛེགས་སྦྱོང་བརྡར་མ་བྱས་གོང་བསྟན་འཛིན་གྱིས་བསྟན་པར(གཡོན)སྒྲོག་པའི་ཐག་པ་དམ་པོ་བྱུང་མིན་ལྟ་བ།

    འདི་ནི་བསྟན་འཛིན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

    439500_yis_1506762397487.jpg

    འདི་ནི་མཱ་ཁ་ལུ་ཁང་ཕྱིའི་ཉེན་བརྟག་མྱུལ་དཔྱད་ཀུང་སིའི་གྱང་སྟེང་དུ་སྦྱར་བའི་པར་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།