[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སྲོལ་རྒྱུན་རིག་གནས་དར་། འཚོ་བ་རྣམ་པར་བཀྲ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-17

    བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྒྱན་གོས་རིག་གནས་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། “བོད་ཀྱི་རྒྱན་གོས་མཛེས་ལ་རྩེར་སོན་པ་ཞིག་ཡོད་ཅིང་། དེ་ནི་ལོ་ངོ་སྟོང་ཕྲག་རིང་རིམ་གྱིས་གྲུབ་པ་ཞིག་ཡིན་ལ་བོད་ཀྱི་དམིགས་བསལ་གྱི་འཚོ་བའི་ཁོར་ཡུག་ཁྲོད་གསར་དུ་བཏོད་པའི་ཆེས་མཛེས་སྡུག་ལྡན་པའི་གྱོན་ཆས་ཤིག་ཀྱང་རེད”ཅེས་བོད་ཀྱི་རྒྱན་གོས་སྐོར་གླེང་སྐབས་2017ལོའི་ལྷ་ས་གྲོང་ཁྱེར་གྱི“བརྡར་པ་མངོན་འགྱུར་བ”ཚེ་རིང་བཀྲ་ཤིས་ཀྱིས་བཤད།

    2014ལོའི་ཟླ་5ཚེས་8ཉིན་ཚེ་རིང་བཀྲ་ཤིས་ཀྱི་རྒྱན་གོས་ཆེད་ཚོང་ཁང་ལྷ་སའི་ར་མོ་ཆེ་ལམ་དུ་དངོས་སུ་སྒོ་ཕྱེ་བ་རེད། ཚོང་ཁང་གི་གྱོན་ཆས་ཚང་མ་ནི་ཚེ་རིང་བཀྲ་ཤིས་ཀྱིས་འཆར་འགོད་དང་རྒྱུ་ཆ་བདམས་རྗེས་བཟོ་གྲྭར་བཟོ་རྒྱུར་བསྐྱལ་བ་ཞིག་ཡིན་པ་དང་གྱོན་ཆས་ཀྱི་ཚོང་ཉི་མ་ཤར་ཤར་ཡོད། ལོ་དེའི་ཟླ་12པར་ཁོང་གིས་ཡང་ནག་ཆུ་ས་ཁུལ་དུ་གྱོན་ཆས་ཚོང་ཁང་ཞིག་བཙུགས་པ་རེད། ཚེ་རིང་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་གྱོན་ཆས་ཆེད་ཚོང་ཁང་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཚང་མར་འཛུགས་རྩིས་ཡོད་པ་དང་གོ་སྐབས་བྱུང་ཚེ་ནང་སའི་གྲོང་ཁྱེར་དུའང་འཛུགས་རྩིས་ཡོད་ཅེས་བཤད།

    ཚེ་རིང་བཀྲ་ཤིས་ཀྱིས་གྱོན་ཆས་ནི་མི་ཀུན་གྱིས་ཐད་ཀར་མཐོང་ཐུབ་པའི་བོད་ཀྱི་རིག་གནས་ཀྱི་རྩ་བའི་འདྲེན་རྟེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཚེ་རིང་བཀྲ་ཤིས་ཀྱིས་ཇུས་འགོད་བྱས་ནས་བཟོས་པའི་གྱོན་ཆས་ལ་བོད་ཀྱི་ཁྱད་ཆོས་ལྡན་སྟབས་དར་སོ་ཆེ་བའི་བོད་ཆས་འཚོང་བའི་ལམ་དུ་བསྐྱོད་པ་རེད། “ངའི་རྐང་པར་གྱོན་པའི་འཇུར་རྟ་འདི་ཕྱི་ནས་བལྟས་ཚེ་བོད་བཟོ་ཡིན་ནའང་། རྒྱུ་ཆ་སྲོལ་རྒྱུན་གྱི་རས་ཆ་མ་ཡིན་པར་ནང་དུ་སྤུ་བཏང་ནས་དྲོ་པོ་དང་བདེ་པོ་ཡོང་བར་བྱས་ཡོད”ཅེས་ཚེ་རིང་བཀྲ་ཤིས་ཀྱིས་བཤད་ཅིང་། ཁོང་གིས“ལྷ་སར་གྱོན་ཆས་འདི་འདྲ་འཚོང་མཁན་གཞན་ཡོད་ནའང་གོང་ཚད་མཐོ་པོ་ཡོད། ང་ཚོའི་ཚོང་ཤག་ནི་ལོ་30མན་དང་ཕལ་ཆེ་བ་སློབ་ཕྲུག་ཡིན་པས་རིན་གོང་ཡང་སྒོར་བཅུ་གྲངས་ནས་བརྒྱ་གྲངས་ཁ་ཤས་བར་གྱི་ཚོང་ཟོག་གང་དགོས་ཡོད”ཅེས་བཤད།

    སྒྱུ་རྩལ་ནི་རྒྱུན་གཏན་འཚོ་བའི་ནང་དུ་གནས་དགོས་པ་ཞིག་ཡིན་པ་ལས་བ་གམ་མཐོན་པོར་སྒྲིག་གཤོམ་བྱ་རྒྱུ་ཞིག་མིན། གོ་དོན་ཟབ་པའི་སྒྱུ་རྩལ་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཀྱི་གྱོན་གོས་ལ་སྤྱོད་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན་སྲིད། ཚེ་རིང་བཀྲ་ཤིས་ཀྱིས་འདི་ལྟར་ཚོད་ལྟ་བྱས་ནས་ཉེན་མཆོང་ཞིག་མ་བྱས་ཚེ་ནམ་ཡང་གཞན་གྱི་མདུན་དུ་སླེབས་མི་ཐུབ་པར་སེམས། “ལོ་མང་རིང་དཀའ་ངལ་ཁྱད་བསད་བྱས་པ་བརྒྱུད་རང་ཉིད་ཀྱི་ཀུང་སི་རྒྱུན་གཏན་ལྟར་གཉེར་ཐུབ་པ་བྱུང་ལ། ཕྱིས་སུ་ཉིན་རེ་ལས་མ་འདས་པར་ཡག་ཏུ་སོང་ནས་ཚོང་ཤག་མང་པོས་དགའ་པོ་བྱེད་པའི་རེ་བ་ཡོད”ཅེས་ཚེ་རིང་བཀྲ་ཤིས་ཀྱིས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།