[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཁོར་ཡུག་གཙང་སྦྲའི་ལས་གནས་བརྟན་སྲུང་བྱེད་པ།

    ཁྲེང་ཀོན་ཆུས་ཀྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་སྤེན་པ་མཚམས་གཅོད་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-07

    བར་སྐོར་ནས་ཁོར་ཡུག་སྲུང་སྐྱོང་བ་སྤེན་པ་མཚམས་གཅོད་འཕྲད་སྐབས་ཁོང་གིས་ལག་ཏུ་ཕྱགས་མ་དང་གད་སྙིགས་བླུགས་སྣོད་ཉར་ནས་ཡུལ་སྐོར་བར་ལམ་བསྟན་བཞིན་ཉེ་འགྲམ་དུ་ཨ་མ་རྒན་མོར་ལྟ་རོགས་བྱས་པའི་ཅ་དངོས་ཉར་ནས་བསྡད་འདུག སྤེན་པ་མཚམས་གཅོད་གཟུགས་པོ་དེ་ཙམ་ཆེན་པོ་མེད་ཀྱང་སྙིང་སྟོབས་དང་ལྡན་པ་ཞིག་ཡོད།

    འདི་ལོ་ལོ་37ལ་སོན་པའི་སྤེན་པ་མཚམས་གཅོད་ཁོར་ཡུག་སྲུང་སྐྱོང་གི་ལས་གནས་ཐོག་ལས་ཀ་བྱས་ནས་ལོ་21སོང་བ་དང་། དེའི་རིང་གི་དུས་ཆེན་དང་གུང་གསེང་ཉིན་མོ་ནི་ཁོར་ཡུག་སྲུང་སྐྱོང་བ་ལས་བྲེལ་ཆེ་ཤོས་ཀྱི་དུས་ཤིག་ཡིན་པར་བརྟེན་ཁོང་དང་ཁྱིམ་མི་མཉམ་དུ་ལོ་གསར་སྤྱིར་ན་གཏོང་རྒྱུ་བྱུང་མེད། ལོ་ངོ་21རིང་གི་དཀའ་སྡུག་ཁྲོད་ལོ་ན་གཞོན་པའི་བུ་མོ་དེ་བུད་མེད་དར་མ་ཞིག་ཏུ་གྱུར་ཡོད། སྤེན་པ་མཚམས་གཅོད་ལས་ཀར་ཞུགས་སྐབས་ལོ་16ཡིན་པ་དང་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་ཁོང་ཉིད་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྱི་གཙང་སྦྲ་བྱེད་མཁན་ཞིག་རེད། “སྔོན་ཆད་ཆ་རྐྱེན་ཞན་པའི་དབང་གིས་ཉིན་ལྟར་གད་སྙིགས་རྣམས་རྩྭ་རས་ནང་བླུགས་ནས་སྒལ་པར་དབོར་ཏེ་གཅིག་སྡུད་གཙང་སེལ་བྱེད་དགོས། འོན་ཀྱང་ད་ཆ་ཆེད་དམིགས་རླངས་འཁོར་གྱིས་འགན་འཁུར་ནས་གད་སྙིཌ་དབོར་གྱི་ཡོད་པས་ལས་སླ་རུ་ཕྱིན་ཡོད” ངས་གཙུག་ལག་ཁང་ལྷོ་ངོས་སུ་གཙང་སྦྲ་བྱས་ནས་ལོ་21སོང་བ་དང་དེ་གའི་ཁོར་ཡུག་འཕྲོད་བསྟེན་གྱི་འགྱུར་ལྡོག་རྣམས་མིག་མཐོང་ལག་ཟིན་ཐུབ་པ་མ་ཟད། ཡུལ་འདི་དང་ལས་ཀ་འདིར་རང་ཉིད་དགའ་པོ་ཡོད། ལོ་དེ་དག་རིང་ནམ་མ་ལངས་གོང་ནས་ཕྲུ་གུ་གཉིས་པོ་རང་ཉིད་དང་མཉམ་དུ་ལས་དོན་ས་ཚིཌ་སུ་ཡོང་གི་ཡོད། ཁྱིམ་དུ་ལྟ་རྟོག་བྱེད་མཁན་མེད་རྐྱེན་ཕྲུ་གུ་གཉིས་པོ་རང་ཉིད་དང་མཉམ་དུ་ཉེན་རྟོག་ལས་དོན་ཁང་དང་ངལ་གསོ་ཡུལ་དུ་སློབ་སྦྱོང་བྱེད་པ་དང་ལྟོ་བཟས་ནས་སྡོད་ཀྱི་ཡོད། ཞོཌ་པའི་གད་ཕྱིས་བརྒྱབ་ཟིན་རྗེས་ངས་ཕྲུ་གུ་སློབ་གྲྭར་སྐྱེལ་བར་འགྲོ་ཡི་ཡོད། དགའ་འོས་པ་ཞིག་ལ་ཕྲུ་གུ་གཉིས་པོ་ཁ་ལ་ཉན་པ་མ་ཟད་སློབ་སྦྱོང་གི་གྲུབ་འབྲས་ཀྱང་ལེཌ་པོ་ཡོད་པས་མིག་སྔར་ཕྲུ་གུ་རྒན་པ་མཐོ་རིམ་སློབ་འབྲིང་དུ་བསྐྱོད་པ་དང་ཆུང་བ་དམའ་རིམ་སློབ་འབྲིང་དུ་སྐྱོད་ཀྱི་ཡོད”ཅེས་སྤེན་པ་མཚམས་གཅོད་ཀྱིས་བརྗོད།

    སྤེན་པ་མཚམས་གཅོད་ཀྱི་འགན་འཁུར་ཡུལ་ནི་གཙུག་ལག་ཁང་གི་ལྷོ་ངོས་སུ་ཡིན་ལ་ལྷ་ས་གྲོང་ཁྱེར་གྱི་འཁྲུག་ཆ་དོད་ཤོས་ཀྱི་ལམ་དུམ་བུ་ཞིག་ཀྱང་ཡིན་པས། གད་ཕྱིས་རྒྱག་པའི་ཚད་གཞི་དེའང་ལྗོངས་ཡོངས་ཀྱི་འགྲོ་ལམ་ཁྲོད་ནས་ནན་ཤོས་དེ་ཡིན་པར་བརྟེན་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་རང་ཉིད་ལ་རེ་བ་འདོན་གྱི་ཡོད་པས“གཞན་གྱི་སྔོན་དུ་བྱེད་ཕོད་པ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པའི”སྙིང་སྟོབས་ཐོག་ནས་སྐྱེས་པ་ཚོས་ཀྱང་བྱེད་མི་འདོད་པའི་ལས་ཀའི་འབོར་ཚད་ཁོང་གིས་སྒྲུབ་ཀྱི་ཡོད། གཙང་སྦྲའི་སྤུས་ཚད་གོང་མཐོར་གཏོང་ཆེད་ཁོང་གིས་ཉིན་ལྟར“ཉིན་གཅིག་ལ་གད་ཕྱིས་ཐེངས་གསུམ་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པའི”ལས་ཀ་སྒྲུབ་སྟངས་མཐའ་འཁྱོངས་བྱས་ནས་ལས་དོན་ཚགས་ཚུད་སྒྲུབ་པའི་རྣམ་པ་ཁྱབ་གདལ་སྔ་ས་ནས་བཏང་ཡོད་པ་རེད།

    རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྤེན་པ་མཚམས་གཅོད་ཀྱིས་ལས་རོགས་དང་མཐུན་སྒྲིལ་ཐོག་གཞན་ལ་རོགས་རམ་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཉིན་ལྟར་ཁོ་མོའི་ལས་འབོར་ཆེ་ཡང་ནུས་པས་ལྕོགས་ཚོད་ཀྱིས་གཞན་ལ་རོགས་པ་བྱེད་ཀྱི་ཡོད། འདི་ལོ་སྤེན་པ་མཚམས་གཅོད་ཀྱིས་ཡན་ལག་རུ་ཁག་336གི་ཚོགས་ཆུང་གསུམ་པའི་ལས་རོགས་སྤེན་པའི་བཟའ་ཟླར་ཕོ་སྐྲན་གྱི་ནད་གཞི་ཕོག་པ་ཤེས་རྗེས་འཕྲལ་མར་གཉེན་ཉེ་དང་གྲོགས་པོ་སྒྲིག་འཛུགས་བྱས་ནས་ཞལ་འདེབས་བསྡུས་ཏེ་འཚམས་འདྲིའི་དངུལ་སྒོར་3000ཙམ་བསྐྱལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།