[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཕུགས་བསམ་རྟ་ཕོར་ལྕག་གིས་སྐུལ། ལང་ཚོའི་ཕུགས་འདུན་འགྲུབ་ལ་བརྩོན།

    —— ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་གི་སྦྱིན་བདག་ཕན་ལགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-24

    ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་ནི་མུ་འབྲེལ་དཔེ་དེབ་ཚོང་ཁང་ཞིག་ཡིན་པ་དང་རྒན་ཕན་ལགས་ནི་ལྷ་སའི་མཉམ་ཞུགས་དེབ་ཁང་གི་སྦྱིན་བདག་རེད།

    ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་དེ་བར་སྐོར་ཁྲོམ་གཞུང་དུ་ཡོད་པ་དང་། དེབ་ཁང་ནང་དཔེ་དེབ་ལྟ་མཁན་མི་ཉུང་བ་ཞིག་ཡོད་པ་ཚོས་བློ་རྩེ་གཅིག་སྒྲིམ་ངང་དེབ་ལྟ་བཞིན་འདུག

    རྒན་ཕན་ལགས་ཀྱིས་དབུལ་པོའི་ཡུལ་སྐོར་བ་ཚོ་ངལ་དུབ་ཆེན་པོ་ཡོད་པ་ཤེས་ནས་རིན་མི་དགོས་པར་དེབ་ཁང་ནང་གི་འབོལ་ཁྲིར་ཞག་སྡོད་ཉིན་3བྱེད་དུ་འཇུག་ལ། གལ་ཏེ་མུ་མཐུད་སྡོད་འདོད་ཡོད་ཚེ་དེབ་ཁང་དུ་འོས་འགན་གླ་པའི་ལས་ཀ་བྱེད་དུ་འཇུག་གི་ཡོད། གློག་བརྙན་ལ་དགའ་བའི་དབང་གིས་དེབ་ཁང་དུ་གློག་བརྙན་བསྟན་ས་བཙུགས་ཡོད་ལ་གློག་བརྙན་ཡང་མང་པོ་ཉར་ཚགས་བྱས་ཡོད་པ་མ་ཟད། རྒྱུན་དུ་གློག་བརྙན་ལ་དགའ་མཁན་ཚོར་རིན་མི་དགོས་པར་སྟོན་གྱི་ཡོད།

    གླེང་མོལ་བྱེད་སྐབས་གསར་འགོད་པར་ཤེས་རྟོགས་བྱུང་བར། དེབ་ཁང་དུ་དེབ་ལྟ་མཁན་མང་ཆེ་བ་ནི་ཡུལ་སྐོར་བ་དང་སློབ་ཆེན་སློབ་མ་ཡིན་ལ། ལྷག་པར་དུ་གཟའ་མཇུག་སྐབས་སུ་ན་གཞོན་མང་པོས་དེབ་བལྟས་ནས་ཕྱི་དྲོའི་བར་སྡོད་པ་དང་། རྩོམ་རིག་གི་དེབ་ལྟ་མཁན་ཧ་ཅང་མང་པོ་ཡོད་པ་རེད།

    དེབ་ཁང་གི་ཐོག་མའི་དམིགས་ཡུལ་ནི་མི་དེ་བས་མང་པོར་དྲོ་སྐྱིད་ལྡན་པའི་ངལ་གསོ་ཡུལ་ཞིག་མཁོ་འདོན་བྱ་རྒྱུ་དེ་རེད། རྒན་ཕན་ལགས་ཁོང་ཡང་ཡུལ་སྐོར་ལ་དགའ་མཁན་ཞིག་ཡིན་པ་དང་། ལོ་ལྟར་ལོ་ཕྱེད་ཀར་དེབ་ཁང་དུ་སྡོད་པ་ཕུད། དེ་བྱིངས་ཀྱི་དུས་ཚོད་ཚང་མར་ཡུལ་སྐོར་དུ་བསྐྱོད་དེ་པར་ཆས་དང་སྨྱུག་རྩེའི་བརྒྱུད་ནས་ཕྱི་ཡུལ་གྱི་རྣམ་པ་ཐོ་འགོད་བྱེད་ཀྱི་ཡོད། འགྲོ་སྐྱོད་དང་ངལ་གསོ། ཐུག་འཕྲད་དང་ཞལ་གྱེས་ནི་རྒན་ཕན་ལགས་ཀྱི་འཚོ་བའི་རྒྱུན་གཏན་དུ་གྱུར་ཅིང་། ཁོང་གིས་ལོ་བཅུ་ལྷག་ཙམ་རིང་བརྒྱབ་པའི་པར་བརྒྱ་གྲངས་ཁ་ཤས་ཚང་མར་གཏམ་རྒྱུད་མི་འདྲ་བ་རེ་ཡོད་པ་རེད།

    ལོ་འདི་དག་རིང་རྒན་ཕན་ལགས་ཀྱིས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་གང་ཐུབ་བྱེད་ཀྱི་ཡོད་ལ། དོན་དངོས་དང་ཕུགས་བསམ་དབར་དང་ཐག་རིང་དང་ཁྱིམ་ཚང་དབར་དོ་སྙོམས་ཡོང་བར་བརྩོན་ཞིང་། ཐོབ་ཤོར་དང་རྒྱལ་ཕམ་ལ་སེམས་མི་ཆགས་པར། རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།