[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

    —— འཇམ་མགོན་གྱི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    འཇམ་མགོན་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་རག་རོག་གྲོང་ཚོར་སྐྱེས་པ་དང་། 2015ལོར་ཁྲེང་ཏུའུ་ཏུང་རོན་སློབ་གླིང་ཐོན། 2018ལོའི་ལོ་འགོར་འབྲི་རུ་རྫོང་དུ་ལས་གཏོད་བྱེད་འགོ་ཚུགས་ནས་ད་ཆ་ཟ་ཁང་ཞིག་དང་། སྒོ་རྩིས་ཚོང་ཁང་ཞིག མནའ་འབྲེལ་ཚོང་ཁང་ཞིག་བཅས་གཉེར་སྐྱོང་བྱེད་བཞིན་ཡོད།

    “སློབ་གྲྭ་ཐོན་རྗེས་ངས་ལྷ་ས་ནས་ཁང་མིག་གཅིག་བོགས་མར་བླངས་ཏེ་ཟ་ཁང་བཙུགས་པ་ཡིན། འོན་ཀྱང་ཉམས་མྱོང་མེད་པའི་དབང་གིས་ལོ་ཕྱེད་ལས་མ་སོང་བར་སྒོ་རྒྱག་དགོས་བྱུང་སོང”ཞེས་ཐོག་མའི་ལས་གཏོད་ཀྱི་སྐོར་གླེང་སྐབས་འཇམ་མགོན་གྱིས་དེ་ལྟར་བཤད། དེ་རྗེས་འཇམ་མགོན་གྱིས་སློབ་གྲྭ་ཞིག་གི་རྒྱ་ཡིག་དགེ་རྒན་བྱས་པ་དང་ཁོམ་པ་ཡོད་དུས་གསོ་སྦྱོང་སློབ་གྲྭར་ལས་གཏོད་གསོ་སྦྱོང་བྱེད་པར་ཕྱིན།

    ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། འཇམ་མགོན་ལ་ཡང་དེ་ནས་གོ་སྐབས་གསར་པ་ཞིག་རྙེད། འབྲི་རུ་རྫོང་གིས་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བར་ལས་གཏོད་བྱེད་ས་མཁོ་འདོན་བྱེད་པ་དང་ལས་གཏོད་མ་དངུལ་སྤྲོད་ཀྱི་ཡོད་པ་ཤེས་རྗེས། འཇམ་མགོན་གྱིས་ད་ལྟའི་ལས་གནས་ནས་དགོངས་པ་ཞུས་ཏེ་འབྲི་རུ་རྫོང་དུ་ཡང་བསྐྱར་ལས་གཏོད་བྱེད་འགོ་ཚུགས།

    2018ལོར་འཇམ་མགོན་གྱིས་འབྲི་རུ་རྫོང་གི“སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཁྲོམ་གཞུང”ནས་སྨི་ངོས་གྲུ་40ལྷག་ཙམ་ཟིན་པའི་ལམ་འགྲམ་གི་ཚོང་ཁང་ཞིག་རིན་མེད་ངང་འདུན་ཞུ་ཐུབ་ནས་ཚོང་ཟོག་རྩེར་སོན་གྱི་མནའ་འབྲེལ་ཚོང་ཁང་ཞིག་བཙུགས། ཁོང་གི་ཚོང་ཁང་དེ་རྫོང་གི་ཚོང་ཟོག་རྩེར་སོན་གྱི་མནའ་འབྲེལ་ཚོང་ཁང་དང་པོ་ཡིན་པས་ཚོང་ཧ་ཅང་བྲིན་ཁ་རྒྱུག་པ་དང་ཕྱིས་སུ་འཛད་སྤྱོད་པ་མང་དུ་སོང་བས་ཚོང་ཁང་དུ་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་གཉིས་གླས་པ་རེད།

    “ད་ཆ་འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པའི་ལས་བཟོའི་ཟ་ཁང་དང་སྒོ་རྩིས་ཚོང་ཁང་དེ་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་སྟེགས་སུ་བརྩི་ཆོག་ལ་དེའི་གཞི་ཁྱོན་ཡང་ཅུང་ཆེ་བས་ཁྱེད་ཀྱིས་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་དེ་བས་མང་བ་དང་མཉམ་ལས་བྱ་ཆོག”ཅེས་འབྲི་རུ་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་བཀྲ་ཤིས་འོད་ཟེར་གྱི་གྲོས་འགོ་ཉན་པའི་འཇམ་མགོན་གྱིས་གང་སར་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་དང་འབྲེལ་བ་བྱས་རྗེས། མཐར་ཀུན་བཟང་ལྷུན་གྲུབ་དང་བསོད་ནམས་མཚོ་མོ་དང་མཉམ་ལས་བྱས་ཏེ་སྨན་ཁང་གི་རྣམ་གྲངས་དེ་རྩིས་བླངས་པ་རེད།

    བྱ་བ་ཐམས་ཅད་འགོ་ཚུགས་པའི་སྐབས་སུ་དཀའ་ཚེགས་ཆེ་ཤོས་རེད་ཅེས་པ་ལྟར། ལོ་ཕྱེད་སོང་རྗེས་ལས་བཟོའི་ཟ་ཁང་གཉེར་སྐྱོང་ཡག་པོ་བྱུང་མེད། འོན་ཀྱང་ཀུན་བཟང་ལྷུན་གྲུབ་དང་བསོད་ནམས་མཚོ་མོས་ང་དང་བདེ་སྡུག་མཉམ་མྱོང་བྱས་པས་ལས་གཏོད་བྱེད་ཐེངས་དང་པོ་ལྟར་བློས་གཏོང་བྱེད་ཀྱི་མིན་ཅེས་འཇམ་མགོན་གྱིས་ཟ་ཁང་གི་གཉེར་སྟངས་དང་དོ་དམ་རྣམ་པར་འགྱུར་ལྡོག་གཏོང་འགོ་ཚུགས། དེ་ནས་བཟུང་ཟ་ཁང་གི་ཡོང་འབབ་དེའི་གོང་ལས་ལྡབ་གཅིག་འཕར་བ་མ་ཟད། ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་མི་དྲུག་གླས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།