[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • འཇོན་ཐང་ཅན་གྱི་བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་པར་ཡ་མཚན་ཅི།

    སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ཡ་དཀར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    微信图片_20190906130225.jpg

    སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ཡ་དཀར། 

    གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་གནས་ཤིང་། གྲོང་ཚོ་དེ་ནི་གནས་ཡུལ་གྲོག་རོང་གི་ལྟེ་བར་ཆགས་ཡོད་པ་དང་། ཡུལ་དེའི་ཡུལ་ལྗོངས་དང་ཁོ་ར་ཁོར་ཡུག་ཤིན་ཏུ་མཛེས་པས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད། ཁྱུང་གླིང་གྲོང་ཚོ་ནི་ལྷོ་པའི་མི་རིགས་ཀྱི་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་ཡིན། ཁྱུང་གླིང་གྲོང་ཚོར་དུད་ཚང་50དང་མི་གྲངས་203ཡོད། དེའི་ནང་ལྷོ་པའི་མི་རིགས་ཀྱི་མི་གྲངས་180ཡོད་པ་དང་། 2018ལོར་མི་རེའི་ཆ་སྙོམས་ཡོང་འབབ་  སྒོར་19020.69ཟིན་ཡོད་པ་རེད། 

    གནས་ཡུལ་ཤང་ནི་མཐའ་མཚམས་ཀྱི་ཤང་ཞིག་ཡིན་པ་དང་། གོང་རིམ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་ངང་འཚོ་བར་རོལ་བཞིན་མཆིས། ཁྱུང་གླིང་གྲོང་ཚོའི་སྨན་ཁང་དུ་སྨན་པ་གཉིས་ཡོད་པ་དང་། ཡ་དཀར་ནི་དེའི་གྲས་ཤིག་ཡིན།  ད་ཐེངས “དུས་རབས་གསར་པར· མཐའ་མཚམས་སུ་སྐྱོད་པའི ”བོད་ཀྱི་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་བྱེད་སྒོའི་གོ་སྐབས་དང་བསྟུན་ནས་གསར་འགོད་པ་རྣམས་ཁོང་གི་སར་བསྐྱོད་ནས་ནམ་རྒྱུན་གྱི་ལས་ཀའི་སྐོར་བཅའ་འདྲི་བྱས་པ་ཡིན། 

    微信图片_20190906130231.jpg

    སྨན་སྒམ་ལུས་དང་མ་བྲལ་བའི་ཡ་དཀར། 

    ལས་ཀའི་འཁུར་སེམས་ཆེ་བས་རྫོང་རིམ་པའི་མི་དམངས་འཐུས་མིར་བདམས།

    ད་ལོ་ལོ་38ལ་སླེབས་པའི་ཡ་དཀར་ནི་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་ནས་འཚར་ལོངས་བྱུང་བའི་ལྷོ་པའི་སྨན་པ་ཞིག་ཡིན། ང་ཚོ་གསར་འགོད་པ་ཐོག་མར་ཁོང་གི་ཁྱིམ་དུ་འབྱོར་སྐབས། ཁོང་གི་ལུས་ལ་ལྷོ་པའི་གཟབ་མཆོར་ལེགས་པར་སྤྲས་འདུག་པས། བལྟས་མ་ཐག་ཉམས་དགའ་བ་ཞིག་སྣང་། ཁོང་གིས་2006ལོ་ནས་བཟུང་གྲོང་ཚོའི་སྨན་པ་བྱས་ཏེ་རང་ནུས་ཡོད་རྒུས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེབས་ཞུ་བཞིན་མཆིས། མ་གཞི་ཁོང་ལ་སློབ་ཆུང་གི་ཆུ་ཚད་ཙམ་ལས་མེད་ཀྱང་ཁོང་ལས་གནས་ཐོག་འབྱོར་རྗེས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ནས་སྨན་བཅོས་ཀྱི་ལག་རྩལ་མང་དག་ཅིག་སྦྱངས། དུས་རྒྱུན་ཁོང་གིས་ཕྲུ་གུ་གཉིས་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད་མོད། ཅི་ལྕོགས་ཀྱིས་རང་གི་ནུས་པས་ནད་པར་སྲི་ཞུ་སྒྲུབ་ཀྱི་ཡོད་པས། གྲོང་ཚོའི་ཕོ་མོ་རྒན་གཞོན་ཡོངས་ཀྱིས་ཁོང་ལ་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་གི་ཡོད་པ་རེད། ཁོང་གི་ལས་ཀ་གཙོ་བོ་ནི་ནད་པའི་ཁྲག་ཤེད་དང་། རྒྱུན་མཐོང་གི་ནད་རིགས་སོགས་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ་དེ་རེད། ཟླ་བ་གཅིག་ནང་གྲོང་ཚོའི་དུད་ཚང་50ལ་གཟུགས་པོའི་བདེ་ཐང་ལ་བརྟག་དཔྱད་ཐེངས་གཉིས་རེ་བྱེད་ཀྱི་ཡོད་པ་དང་། ན་ཚ་ཡོད་མཁན་དང་རྒན་རྒོན་རིགས་ལ་སེམས་ལྷག་པར་རྣལ་དུ་ཕབ་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པས། སྐབས་རེ་ཟ་མ་ཡང་དུས་ཐོག་ཏུ་རག་གི་མེད་ཀྱང་། ཁོང་གི་སེམས་ནང་ཁོང་ཁྲོ་དང་འཁང་ར་ཡེ་ནས་མེད་པ་ཁོང་གི་བྱ་སྤྱོད་ངོ་མའི་ཐོག་ནས་ཤེས་ཐུབ། ཁོང་གི་ཞབས་ཞུའི་རྣམ་འགྱུར་ཤིན་ཏུ་ལེགས་པའི་ཐོག་བརྟག་དཔྱད་ཞིབ་ཚགས་བྱེད་ཀྱི་ཡོད་པས། ཁོང་གིས་ང་ཚོ་གསར་འགོད་པར“སྨན་པ་བྱས་ནས་ད་བར་མང་ཚོགས་དང་ཁ་རྩོད་ཐེངས་མ་གཅིག་ཀྱང་ཤོར་མྱོང་མེད་ལ་ནད་པའི་ན་ཚ་ལན་གཅིག་ཀྱང་འཐུས་ཤོར་གཏོང་མེད་མྱོང་”ཅེས་བཤད་བྱུང་།  གོ་རིམ་ནས་ཁོང་ནི་ལས་ཀའི་འགན་འཁྲི་འཁུར་ཕོད་མཁན་དང་ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེབས་ཞུ་མཁན་ཞིག་ཡིན་པ་ཤེས་རྗེས། 2017ལོར་ཁོང་རྫོང་རིམ་པའི་མི་དམངས་འཐུས་མིར་བདམས། གཏམ་བཟང་དེ་གོ་མ་ཐག་ཁོང་གི་མིག་ལ་མཆི་མ་འཁོར་ཞིང་མིད་པ་ཡང་བརྣངས།

    微信图片_20190906130210.jpg

    སྒོ་ཁར་སོང་ནས་བརྟག་དཔྱད་བྱེད་པ། 

    ལས་ཀའི་ཞོར་དུ་ལྷོ་པའི་འཁལ་འཐག་བཟོ་གྲྭ་བཙུགས་ནས་ཡོང་སྒོ་མང་དུ་བཏང་།

    ལྷོ་པའི་འཁལ་འཐག་ལ་རང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ཡོད་པ་མ་ཟད་སྤུས་ཚད་ཀྱང་ཤིན་ཏུ་ལེགས་པས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད། ལྷོ་པའི་བུ་མོ་ནི་སྔོན་གྱི་དུས་ནས་ལས་ལ་བརྩོན་ཞིང་འཇོན་ཐང་ལྡན་པ་ཞིག་ཡིན། ཡུལ་སྐོར་གྱི་ཚ་རླབས་ཡུལ་གྲུ་གང་སར་འཕྱུར་བའི་སྐབས་ལ། ཡ་དཀར་གྱིས་གཙོས་པའི་བུད་མེད་ལྔས་གྲོས་བསྡུར་བྱས་ཏེ། ལྷོ་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཁལ་འཐག་བཟོ་གྲྭ་ཞིག་བཙུགས་པ་རེད། བཟོ་གྲྭ་དེས་ཁྱུང་གླིང་གྲོང་ཚོའི་འཚོ་བའི་ཡོང་འབབ་ཇེ་མང་དུ་བཏང་བ་མ་ཟད། ལྷོ་པའི་མི་རིགས་ཀྱི་ལག་ཤེས་ཀྱང་གང་སར་བརྒྱུད་བསྒྲགས་ཡག་པོ་ཐུབ་ཡོད། གསར་འགོད་པས་ཡ་དཀར་ལ་ལྷོ་པའི་འཁལ་འཐག་བཟོ་གྲྭའི་ནང་དུ་ག་རེ་འཚོང་གི་ཡོད་མེད་འདྲི་སྐབས། ཁོང་གིས“གཙོ་བོ་སྟོད་ཕད་དང་། སྐེ་དཀྲིས། དངུལ་ཁུག་སོགས་ཀྱི་ཐོན་རྫས་འཚོང་གི་ཡོད། ལྟོད་ཕད་ལ་སྒོར་100དང་།  སྐེ་དཀྲིས་ལ་སྒོར་200དངུལ་ཁུག་ལ་སྒོར་

    微信图片_20190906130821.jpg

    ལྷོ་པའི་འཁལ་འཐག་གི་སྒོ་བྱང་། 

    微信图片_20190906130817.jpg

    ཡ་དཀར་ལ་རིམ་པ་ཁག་ནས་སྤྲད་པའི་བྱ་དགའ། 

    50རེད། ཡུལ་སྐོར་བ་མང་པོས་ཐོན་རྫས་དེ་རིགས་མཐོང་སྐབས་དགའ་པོ་བྱས་ནས་ཕ་མ་སྤུན་མཆེད་དང་དགའ་ཉེ་སྤུན་གྲོགས་ལ་ལག་རྟགས་ཡིན་ཞེས་བཤད་ནས་མང་པོ་ཉོ་ཡི་འདུག”ཅེས་བཤད་བྱུང་།  བཟོ་གྲྭ་དེས་ཁྱུང་གླིང་གྲང་ཚོའི་གྲོང་མི་ཁ་ཤས་ཀྱི་ལས་ཞུགས་ཐག་གཅོད་བྱས་པ་མ་ཟད། ལས་མི་ཚོར་ལོ་རེར་ཡོང་འབབ་སྒོར་ཁྲི་བཞི་ཙམ་རག་གི་ཡོད་པ་རེད། ཡ་དཀར་ནི་བསམ་ཕོད་མཁན་བྱེད་ཕོད་མཁན་ཞིག་ཡིན་པས་འཁལ་འཐག་བཟོ་གྲྭ་དེ་ཉིན་རེ་ལས་མ་བསྡད་པར་གོང་དུ་འཕེལ་བཞིན་ཡོད། མཇུག་ཏུ་གསར་འགོད་པ་ཁོང་ལ་མ་འོངས་པའི་ལ་ཟླའི་ནང་རེ་བ་གང་ཡོད་དམ་ཞེས་འདྲི་སྐབས་ཁོང་གིས“གྲོང་ཚོའི་མང་ཚོགས་རྣམས་ལུས་བདེ་སེམས་སྐྱིད་དང་། ནད་མེད་ཚེ་རིང་ཡོང་བ་མ་ཟད། ཕྲུ་གུ་རྣམས་རང་མགོ་ཡག་པོ་ཐོན་པ་ཤོག” ཅེས་བཤད་བྱུང་།  (གསར་འགོད་པ། ཉི་མ་ཚེ་རིང་། ཚེ་བརྟན་རྡོ་རྗེ། བདེ་སྐྱིད་གཡང་འཛོམས། བསོད་ནམས་དབང་འདུས། ཀྲུའུ་ཧྲན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།