[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དེབ་གསར་འོས་སྦྱོར།
  • དེབ་ནི་མིའི་རིགས་ཡར་རྒྱས་སུ་འགྲོ་བའི་སྐས་ཀ་ལྟ་བུ་རེད། ——ཀོར་ཅི།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-15

    微信图片_20190215161430.jpg

    ཚེ་རིང་དོན་གྲུབ།

    ཚེ་རིང་དོན་གྲུབ་ནི། 1979ལོའི་ཟླ་བ་11པར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མར་ཤང་བདེ་ཆེན་གྲོང་ཚོར་འཁྲུངས། 2002ལོར་བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་ཚན་ཁག་ནས་སློབ་གྲྭ་ཐོན། ལོ་དེའི་ཟླ་བ་7པ་ནས་ད་བར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག དམངས་སྲོལ་སོགས་སློབ་ཁྲིད་གནང་བཞིན་ཡོད་པ་དང་།  2010ལོར་བོད་ལྗོངས་སློབ་ཆེན་ནས་རྩོམ་རིག་གི་ཞིབ་འཇུག་སློབ་མའི་སློབ་གནས་བླངས། སྔ་རྗེས་སུ《སྤང་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་དུས་དེབ་དང་ཚགས་པར་དུ་རྩོམ་ཡིག་དང་འགྱུར་ཡིག་མང་པོ་སྤེལ་མྱོང་།

    ནང་དོན་གཙོ་བོ།

    微信图片_20190215161439.jpg

    ན་ཆུང་བྱིས་པའི་སེམས་ཁམས་གསོ་བའི་བདུད་རྩི་ལྟ་བུའི་བྱིས་སྒྲུང་གིས་བྱིས་པའི་ཀུན་སྤྱོད་དང་། གཟུགས་པོ། ཤེས་རིག མཛེས་དཔྱོད་སོགས་ལ་ཡར་སྐུལ་གྱི་ནུས་པ་བླ་ལྷག་ཐོན་གྱིན་ཡོད། དེས་ན། སྒྱུར་པ་པོས་བོད་ཁ་བ་ཅན་གྱི་ན་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་བའི་ཆེད་དུ། ཡ་རབས་ཀྱི་སྤྱོད་བཟང་ལ་བསྟོད་པ་དང་། ངལ་རྩོལ་ལ་དགའ་ཞེན་བྱེད་དགོས་པ། རང་གཞན་ཀུན་ལ་ཕན་པའི་བྱ་བ་སྒྲུབ་དགོས་པའི་སློབ་གསོའི་རང་བཞིན་དང་། རྩེད་མཚར་གྱི་རང་བཞིན་ལྡན་པའི་བྱིས་སྒྲུང་ཐུང་ངུ་སུམ་ཅུ་ཙམ་བདམས་ཏེ་བོད་ཡིག་ཏུ་བསྒྱུར་འདུག

    འོས་སྦྱོར་ཞུ་བའི་རྒྱུ་མཚན།

    གཅིག་ནས་འདིར་བསྒྱུར་བའི་བྱིས་སྒྲུང་འདི་དག་ནི་རིགས་གཅིག་མཁས་པས་འོས་སྦྱོར་བྱས་དང་བྱེད་བཞིན་པའི་བྱིས་སྒྲུང་གྲགས་ཅན་ཤ་སྟག་རེད་འདུག

    གཉིས་ནས་ན་ཆུང་བྱིས་པས་གཙོས་པའི་སྐྱེ་བོ་ཀུན་ལ་ཡ་རབས་ཀྱི་ཀུན་སྤྱོད་རྒྱུད་ལ་འཇགས་པར་བྱེད་པ་དང་། འདྲ་མཉམ་དྲང་བདེན་དང་རང་གཞན་ཀུན་ལ་ཕན་པའི་ལས་ལ་འབད་དགོས་པ་སོགས་ཀྱི་སློབ་གསོ་གཏོང་བའི་དཔེ་དེབ་ལེགས་པོ་ཞིག་རེད་འདུག

    གསུམ་ནས་སྒྱུར་པ་པོས་བྱིས་སྒྲུང་འདི་དག་སྒྱུར་དུས་བོད་ཀྱི་ལེགས་བཤད་དང་། གཏམ་དཔེ། དཔེ་ཆོས་སོགས་ལེགས་པར་སྤྱད་འདུག་པས།  སྒྱུར་ཚིག་གོ་བདེ་ལ་སྙན་ཞིང་འཇེབས་པའི་ཁྱད་ཆོས་ཐོན་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།