[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དེབ་གསར་འོས་སྦྱོར།
  • བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་ཅེས་པའི་དེབ་ཕྲེང་གི་འགྲེམ་སྤེལ་མཛད་སྒོ་དང་བོད་ཀྱི་ཡིག་ཚགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-23

    316_看图王.jpg

    འདི་ནི་ཁྱོན་པོད་12ཡོད་པའི་དེབ་ཕྲེང་ཡིན་པ།

    ཟླ་10ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་དང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པའི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་ཅེས་པའི་དེབ་ཕྲེང་གི་འགྲེམ་སྤེལ་མཛད་སྒོ་དང་བོད་ཀྱི་ཡིག་ཚགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལྷ་ས་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། 

    བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་རྩོམ་སྒྱུར་ཞིབ་འཇུག་ཁང་གི་ཀྲུའུ་རེན་རྡོ་སྦིས་ཚེ་རིང་རྒྱལ་གྱིས་གཙོ་སྒྲིག་བྱས་པའི《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》ཅེས་པའི་དེབ་ཕྲེང་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་།དེབ་ཕྲེང་དེར་ཁྱོན་པོད་12ཡོད་པ་དང་ནང་དུ་ཡིག་ཚགས་ཁ་གྲངས་ 1394བཀོད་ཡོད་པ་རེད། རྒྱ་ཡིག་དང་། མན་ཇུ།སོག་ཡིག བོད་ཡིག་སོགས་ཡིག་རིགས་དྲུག་ལས་གྲུབ་པའི་དེབ་ཕྲེང་དེའི་ནང་དུ་སྤྱི་ལོ་1324ལོ་ནས་སྤྱི་ལོ་1928ལོའི་བར་གྱི་རྒྱལ་པོའི་ལུང་དང་། བཀའ་ཡིག ཝང་ཤུ དྲལ་ཙེ། འཚམས་ཞུ། སྐྱབས་ཞུ་སོགས་ཀྱི་ནང་དོན་བཀོད་ཡོད་པས། ལོ་རྒྱུས་དང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བའི་དེབ་ཕྲེང་ཞིག་ཏུ་གྱུར།

    847_看图王.jpg

    འདི་ནི་ཚོགས་ཞུགས་མི་སྣའི་དྲན་རྟེན་མཉམ་པར་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་ཡིག་ཚགས་བཀོལ་ནས་སྤྱི་ཚོགས་ལ་ཞབས་འདེབས་ཞུ་དགོས་པའི་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་མྱོང་བས། ལོ་ངོ་5ཡི་རིང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》ཅེས་པའི་དེབ་ཕྲེང་དེའི་རྩོམ་སྒྲིག་གི་ལས་དོན་ཐུགས་གྲ་ལེགས་སྒྲིག་བྱུང་ནས་པར་སྐྲུན་བྱེད་ཐུབ་པ་བྱུང་བ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་མཛུབ་སྟོན་དོན་ཐོག་ཏུ་འཁྱོལ་བ་མཚོན་ནུས།བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་བོད་སོག་མན་ཇུ་ཡིག་རིགས་ཀྱི་ཡིག་ཚགས་དེ་དག་བོད་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་ཅིག་ཡིན་པ་མ་ཟད། རང་རྒྱལ་གྱི་རྩ་ཆེའི་རྒྱུ་ནོར་ཞིག་ཀྱང་ཡིན། དེབ་ཕྲེང་དེའི་ནང་དོན་ཁྱབ་རྒྱ་ཆེ་བ་དང་། ཡིག་ཚགས་ཀྱི་སྐད་རིགས་ཕུན་སུམ་ཚོགས་པ། ཡིག་ཚགས་དང་འབྲེལ་བའི་ས་ཁོངས་རྒྱ་ཆེ་བ། ཡིག་ཚགས་མང་ཆེ་བ་མ་དཔེ་རང་ཡིན་པས་ཧ་ཅང་རྩ་ཆེ་བའི་དཔྱད་གཞི་བྱ་ཡུལ་ཞིག་ཡིན་པ་རེད། དེབ་ཕྲེང་དེའི་ནང་དུ་ཡོན་མིང་ཆིང་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཇི་མ་ཇི་བཞིན་བཀོད་ཡོད་པས། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས 《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》ཅེས་པའི་དེབ་ཕྲེང་ནི་བློས་འགེལ་ཆོག་པའི་གཞི་འཛིན་ས་ཞིག་ཡིན་པ་གདོན་མི་ཟ།

    ཡིག་ཚགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག ལྗོངས་ཕྱི་ནང་གི་མཁས་དབང་14ཡིས་རང་རང་གི་དཔྱད་རྩོམ་ནང་དོན་སྒྲོག་སྦྱང་བྱས་ཤིང་། བགྲོ་གླེང་གི་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པས་ཚོགས་ཞུགས་ཀྱི་ཉན་པ་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ཡོད་པ་རེད། 

    IMG_8856.JPG

    འདི་ནི་ལྗོངས་ཕྱི་ནང་གི་མཁས་དབང་ཚོས་བོད་ཀྱི་ཡིག་ཚགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་རང་རང་གི་དཔྱད་རྩོམ་སྒྲོག་སྦྱང་གནང་བཞིན་པ།

    《ཡིག་ཚགས་ཕྱོགས་སྒྲིག》པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་བོད་ཀྱི་ལོ་རྒྱུས་ཐོག་གི་བདག་དབང་ཁོངས་གཏོགས་དང་ལྷག་པར་དུ་ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་བོད་ལ་དོ་དམ་ནུས་ལྡན་བྱས་པའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་དཔང་རྟགས་ཁུངས་བཙན་ཞིག་ཡིན་པ་དང་། དུས་མཚུངས། མཚོ་བོད་ས་མཐོའི་ཐོག་རང་རྒྱལ་གྱི་མི་རིགས་མང་པོ་ཐུན་མོང་ཐོག་འཕེལ་རྒྱས་དང་། ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ། ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་རྣམ་པ་མངོན་ཡོད་པས། བོད་ཀྱི་ལོ་རྒྱུས་རིག་གནས་འཕེལ་རྒྱས་རིམ་འགྱུར་དང་ཀྲུང་ཧྭ་་མི་རིགས་ཧྲིལ་པོའི་ཕུལ་བྱུང་རིག་གནས་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། (ཉི་མ་ཚེ་རིང། བསོད་ནམས་དབང་འདུས། ལེའུ་ཅིང་ཕང་བཅས་ཀྱིས་གསར་འགྱུར་འགོད་སྤེལ་བྱས)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།