[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སྐབས་བཅུ་གསུམ་པའི་རིག་གནས་ཐོན་ལས་སྟོན་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པའི་ཡན་ལག་ཚོགས་རས།

    མི་དེ་བས་མང་བ་ཞིག་གིས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-16

    0.jpg

    སྲོང་བཙན་སྒམ་པོ་དང་ཝུན་ཤིང་ཀོང་ཇོའི་གཏམ་རྒྱུད་ཚང་མས་གོ་ཐོས་བྱུང་མྱོང་ཡོད། རིག་གནས་འགྲེམས་ཚོགས་ཐོག་བོད་ཀྱི་རིག་གནས་ཀྱི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་ཡིན་པའི་ཆ་ནས་སྲོང་བཙན་སྒམ་པོ་དང་ཝུན་ཤིང་ཀོང་ཇོའི་འཁྲབ་སྟོན་པ་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་ཅིང་། འདི་ནི་ལྟད་མོ་བ་ཚོས་འཚང་ག་ཤིག་ཤིག་ངང་བོད་ལྗོངས་འགྲེམས་ཁང་དུ་འཁྲབ་སྟོན་པ་དང་མཉམ་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།

    “མཁའ་དབྱིངས་ཀྱི་བོད་ལྗོངས”དང“བོད་ཀྱི་རིག་གནས་ཐོན་ལས་ཀྱི་སྐར་ཁུང”“གཡག”སོགས་ཀྱི་བརྗོད་དོན་གཙོ་བོའི་ འོས་སྦྱོར་ངོ་སྤྲོད་བྱེད་སྒོས་བོད་ཀྱི་སྲོལ་རྒྱུན་རིག་གནས་མེས་རྒྱལ་ནང་ས་དང་འཛམ་གླིང་ལ་དྲིལ་བསྒྲགས་ཐུབ་པ།

    དུས་ཡུན་ཉིན་ལྔའི་སྐབས་བཅུ་གསུམ་པའི་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་སྟོན་ཚོགས་ཧྲེན་ཀྲེན་དུ་ཚ་ཚ་འུར་འུར་ངང་གཉེར་བཞིན་ཡོད་པ་དང་། ཚོགས་ར་གཙོ་བོའི་བོད་ལྗོངས་འགྲེམས་ཁང་ཀུན་གྱི་དོ་ཁུར་འོག་སྒོ་ཕྱེ་བ་ཕུད། རིག་གནས་ཐོན་ལས་སྟོན་ཚོགས་ཀྱི་ཡན་ལག་ཚོགས་རའི་བྱེད་སྒོའི་ནང་བོད་ཀྱི་འཐུས་མི་ཚོགས་པའང་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    “མཁའ་དབྱིངས་ཀྱི་བོད་ལྗོངས”བོད་ཀྱི་ཡུལ་སྐོར་ཁྱབ་གདལ་དུས་ཚིགས་བྱེད་སྒོ་ཧྲེན་ཀྲེན་དུ་སྤེལ་འགོ་ཚུགས་པ།

    ཟླ་5ཚེས་10ཉིན་ཧྲེན་ཀྲེན་རིག་གནས་ཐོན་ལས་སྟོན་ཚོགས་ཀྱི་འགོ་ཚུགས་བྱེད་སྒོ་ཞིག་ཡིན་པའི་ཆ་ནས་2017ལོའི“མཁའ་དབྱིངས་ཀྱི་བོད་ལྗོངས”བོད་ཀྱི་ཡུལ་སྐོར་ཁྱབ་གདལ་དུས་ཚིགས་ཀྱི་བྱེད་སྒོ་ཧྲེན་ཀྲེན་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི《ཡིད་དབང་འཕྲོག་པའི་གླུ་གར》དང་། བོད་ཀྱི་མུ་འབྲེལ་གླུ་གཞས《ཤར་ཕྱོགས་རི་བོའི་རྩེ་ནས》 《ལྷ་རྩེའི་སྒྲ་སྙན་ཞབས་བྲོ》 ལྷ་མོའི་འཁྲབ་ཚན《ཨ་ཅེ་ལྷ་མོ》སོགས་ཀྱི་འཁྲབ་སྟོན་ལྟད་མོ་ཆེན་པོ་ཡོད་པ་རེད། དེ་དང་དུས་མཚུངས་གཙོ་གཉེར་ཕྱོགས་ཀྱིས་ད་དུང་བོད་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ངོ་སྤྲོད་བྱས་པ་དང་འབྲེལ་བོད་ཀྱི་ཡུལ་སྐོར་གྱི་མཛེས་ལྗོངས་བརྙན་ལམ་བསྟན་པས་ཧྲེན་ཀྲེན་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཁེ་ལས་ཀྱི་འཐུས་མི་དང་འགྲུལ་པ་དང་ཚོང་པའི་ཡིད་དབང་རབ་ཏུ་འཕྲོག་ཡོད་པ་རེད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཚོང་འགུགས་རྒྱ་ཁྱབ་བྱས་པ་བརྒྱུད། དུས་ཚིགས་དང་པོའི་འཕེལ་ཚུལ་གཞིར་བཟུང་ཀོང་ཏུང་ཁྲོམ་རས་འདི་ལོ་བོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་500ཡན་བཏང་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་རྒྱུའི་སྔོན་དཔག་བྱས་པ་རེད། ཝང་སུང་ཕིང་གིས“རིག་གནས་ཐོན་ལས་སྟོན་ཚོགས་དང་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་བར་བརྟེན་ནས་བྱེད་སྒོའི་རིང་ཀོང་ཏུང་གི་ལས་རིགས་ཁག་དང་ལྷག་དོན་དུ་ཡུལ་སྐོར་ལས་རིགས་ཀྱི་དང་ལེན་ཧུར་ཐག་ཐོབ་ནས་གྲོས་མཐུན་ལ་མིང་རྟགས་བཀོད་པའི་གནམ་གྲུའི་སྤ་སེའི་རིན་གོང་འགན་གཙང་ཐོན་རྫས་དང་། ཆེད་གཏོང་མེ་འཁོར་གྱི་ཐོན་རྫས་བཅུ་ཕྲག་ཁ་ཤས་ཡོད་པ་དག་ང་ཚོས་འདི་ལོ་ཁམ་བུའི་མེ་ཏོག་དུས་ཆེན་བྱེད་སྒོ་སྤེལ་ཚུན་གྱི་ཐོན་རྫས་མང་པོའི་གྲས་ཤིག་ཏུ་གྱུར་ཡོད་ལ་རྒྱལ་ནང་གྱི་རིགས་གཅིག་མཚུངས་ཐོན་རྫས་ནང་གཅིག་སྡུད་ཐོག་གྲོས་མཐུན་ལ་མིང་རྟགས་འགོད་ཤུགས་ཆེ་ཤོས་ཤིག་རེད། སྔོན་དཔག་ལྟར་ན། འདི་ལོ་ཀང་ཨའོ་ཐའེ་ཚུད་པའི་ཀོང་ཏུང་ཀྲུའུ་ཅང་ཟུར་གསུམ་ཁུལ་གྱི་ཡུལ་སྐོར་བའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཐད་ང་ཚོའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་བརྗོད་པ་རེད།

    “བོད་ཀྱི་རིག་གནས་ཐོན་ལས་ཀྱི་སྐར་ཁུང”ཧྲེན་ཀྲེན་དུ་གཉེར་འགོ་ཚུགས་པ།

    ཟླ་5ཚེས་12ཉིན་གྱི་ཕྱི་དྲོ“བོད་ཀྱི་རིག་གནས་ཐོན་ལས་ཀྱི་སྐར་ཁུང·ཧྲེན་ཀྲེན”དངོས་སུ་གཉེར་འགོ་ཚུགས་པ་རེད།

    “ཧྲེན་ཀྲེན་གྱི་གྲོང་མི་སླད་ཕྱིན་ལེ་དབར་སྟོང་ཕྲག་གི་སར་སྐྱོད་མི་དགོས་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཉམས་ལེན་ཐུབ་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་བརྗོད་པ་རེད།

    ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “བོད་ཀྱི་རིག་གནས་ཐོན་ལས་ཀྱི་སྐར་ཁུང”ནི་ལྗོངས་ཕྱིའི་གཙོ་གནད་གྲོང་ཁྱེར་དུ་སྐར་ཁུང་བཙུགས་ནས་རིག་གནས་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་དང་རིག་གནས་ཐོན་ལས་ཀྱི་རིག་གཞུང་སྤེལ་རེས་བྱེད་སྒོ་སྤེལ་བ་དང་དེ་བཞིན་འབྲེལ་ཡོད་རྣམ་གྲངས་ཚོང་འགུགས་འོས་སྦྱོར་ངོ་སྤྲོད་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཉོ་ཚོང་སྐར་ཁུང་ལས་སྟེགས་བསྐྲུན་རྒྱུ་དང་འབྲེལ་ཡོད་ལེ་ལག་ཚང་བའི་སྒྲིག་བཀོད་དང་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཉོ་ཚོང་ཞབས་ཞུའི་ལྗོངས་ཕྱི་ནང་གི་མཉམ་འགུལ་ལམ་སྲོལ་བཟོ་རྒྱུར་ཞིབ་འཇུག་བྱས་ནས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས“ཕྱིར་སྐྱོད་པའི”གོམ་སྟབས་མགྱོགས་སུ་བཏང་སྟེ་ལྗོངས་ཕྱིའི་རྒྱུན་འཛུགས་རང་བཞིན་གྱི་བོད་ཀྱི་རིག་གནས་ཐོན་ལས་ཉོ་ཚོང་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུ་དེ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “བོད་ཀྱི་རིག་གནས་ཐོན་ལས་ཀྱི་སྐར་ཁུང·ཧྲེན་ཀྲེན”བཙུགས་རྗེས་ལོ་ལྟར་ཧྲེན་ཀྲེན་དུ་བོད་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཚོགས་དང་བོད་ཀྱི་རིག་གནས་སྤེལ་རེས་སོགས་ཚུད་པའི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་འགའ་སྤེལ་རྒྱུ་རེད།

    “གཡག”གིས་རིག་གནས་ཐོན་ལས་སྟོན་ཚོགས་ཀྱི་ཡན་ལག་ཚོགས་རའི་མི་རྣམས་ཀྱི་ཡིད་དབང་འཕྲོག་པ།

    “ད་བྱེད་དུས་དེ་ནི་འབྲི་གཡག་རེད་འདུག དངོས་གནས་སྙིང་རྗེ་པོ་འདུག”ཅེས་ཟླ་5ཚེས་12ཉིན་སྐབས་བཅུ་གསུམ་པའི་ཧྲེན་ཀྲེན་རིག་གནས་ཐོན་ལས་སྟོན་ཚོགས་གོ་ལ་ཧྲིལ་པོའི་གྲངས་རྟགས་ཡན་ལག་ཚོགས་རར《གཡག་གིས་འཇིགས་འཕྲད་འགྲིམས་པ》ཞེས་པའི་བརྡ་ཁྱབ་བརྡ་སྦྱོར་ཆེན་པོར་ཧྲེན་ཀྲེན་གྱི་གྲོང་མི་མང་པོ་ཞིག་གི་དོ་ཁུར་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གནས་འགྲེམས་ཚོགས་ཐོག་བོད་ལྗོངས་ས་མཐོའི་གཅེས་ནོར་གློག་བརྙན་ལས་རིགས་ཀྱིས་བཟོས་པའི《གཡག་གིས་འཇིགས་འཕྲད་འགྲིམས་པ》ཞེས་པའི་རྣམ་གྲངས་ལ་མ་འཇོག་ཚོང་པའི་མ་འཇོག་སྒོར་དུང་ཕྱུར་3.4ཐོབ་པ་དང་། མ་དངུལ་དེ་དག་ལེའུ་300ཡོད་པའི་འགུལ་རིས་བརྙན་འཕྲིན་འཁྲབ་ཚན་རིང་གྲས《གཡག་གིས་འཇིགས་འཕྲད་འགྲིམས་པ》པར་ལེན་འགྲེམས་སྤེལ་བྱེད་རྒྱུར་སྤྱོད་རྒྱུ་དང་འབྲེལ་བོད་དུ་གཡག་བརྗོད་དོན་གཙོ་བོར་བྱས་པའི་བྱིས་པའི་དགའ་ཚལ་བསྐྲུན་རྒྱུ་ཡིན་པ་རེད།

    “ང་ཚོའི་དམིགས་ཡུལ་ནི་བོད་ཀྱི་མི་རིགས་རིག་གནས་ནང་དོན་དུ་བྱས་ཏེ‘རྒྱུད་གཅིག་ལམ་གཅིག’བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ནང་དོན་ལ་བརྟེན་ནས་ཧྲེན་ཀྲེན་གྱི་ལག་རྩལ་ཤེས་ལྡན་མི་སྣ་དང་དོ་དམ་གྱི་ལེགས་ཆ་དང་མ་དངུལ་གྱི་ལེགས་ཆ་ནང་འདྲེན་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་མཉམ་དུ་བཏོད་དེ་བོད་ཀྱི་རིག་གནས་མེས་རྒྱལ་ནང་ས་དང་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན”ཞེས་བོད་ལྗོངས་ས་མཐོའི་གཅེས་ནོར་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཧྲི་ཆོན་གྱིས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།