[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • རྣ་ཚུད་ཏང་དར་གྱི་གཡུང་དྲུང་དང་བོད་ཀྱི་གཡུང་དྲུང་རི་མོའི་ཁྱད་པར།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-04

    640.webp (2).jpg

    འདི་ནི་བོན་གྱི་གཡུང་དྲུང་རི་མོ་ཡིན་པ།

    640.webp (1).jpg

    འདི་ནི་ལྷ་ལྡན་གཙུག་ལག་ཁང་ནང་གི་གཡུང་དྲུང་རི་མོ་ཡིན་པ།

    བོད་ཀྱི་གཡུང་དྲུང་ནི་མི་གཡོ་མི་འགྱུར་རྟག་བརྟན་དང་བཀྲ་ཤིས་ཀྱི་དོན་སྟོན་གྱི་ཡོད། བོན་གྱི་གཡུང་དྲུང་རི་མོ་ནི་ཕྱི་འཁོར་དང་སངས་རྒྱས་ཆོས་ལུགས་ཀྱི་གཡུང་དྲུང་རི་མོ་ནི་ནང་འཁོར་ཡིན། གཡུང་དྲུང་བོན་ཞེས་པ་དེ་ནི་ཡར་སྔོན་གྱི་གདོད་མའི་བོན་རྣམས་དང་ཁྱད་པར་འབྱེད་པའི་ཆེད་དུ་བཏགས་པ་ཞིག་ཡིན་ཞིང་། ཞང་སྐད་དུ་གཡུང་དྲུང་ལ་དྲུང་མུ་ཟེར། གཡུང་དྲུང་རི་མོ་ནི་གནའ་བོའི་རྒྱ་གར་དང་། ཀེ་རི་སེ། ཨེ་ཅིབ་སོགས་ལའང་ཡོད། ཆེས་སྔ་བའི་གཡུང་དྲུང་གི་རི་མོ་ནི་རྡོ་ཆས་གསར་མའི་དུས་རབས་སུ་བྱུང་བར་མངོན། ལེགས་སྦྱར་སྐད་དུ"卐”srivatsaཟེར་ཞིང་།བཀྲ་ཤིས་ཀུན་འཛོམས་ཀྱི་དོན་ཡིན་པར་བཤད།

    འཇར་མན་རྒྱལ་ཁབ་ཀྱི་ཧྥ་ཤི་སི་རྣ་ཚུད་ཏང་གིས་ཀྱང་ཁོ་པ་ཚོའི་ཏང་རྟགས་སྟེང་དུ་དབྱིབས་མཚུངས་ཀྱི་གཡུང་དྲུང་འགོད་སྲོལ་བྱུང་འདུག་ཀྱང་། དེ་གཡུང་དྲུང་བོན་གྱི་མཚོན་དོན་དང་མི་འདྲ་ཞིང་།  དེ་ལ་ཁོ་པ་ཚོའི་གོ་དོན་ཡོད་པ་དཔེར་ན། འཇར་མན་སྐད་ཀྱི‘རྣ་ཚུད་ཏང’ཞེས་པ་བོད་སྐད་དུ་‘རྒྱལ་ཁབ་སྤྱི་ཚོགས་ཏང’གི་དོན་ཡིན་པ་དང་། འཇར་མན་གྱི་ཡི་གེར ‘རྒྱལ་ཁབ’ ཅེས་པ་དང་‘སྤྱི་ཚོགས’ཞེས་པའི་ཡི་གེ་གཉིས་ཀའི་འགོ S ཡིན་ཞིང་། དེ་གཉིས་པོ་གཅིག་ཏུ་བསྒྲིལ་བས་རྟགས་"卐”འདི་བྱུང་།  

    ལོ་རབས་ཉི་ཤུ་སུམ་ཅུའི་ནང་ཧེ་ཁྲེ་ལིས་དངོས་སུ་གཞི་མདོག་དམར་པོའི་སྟེང་དུ་ཟླུམ་གོར་དཀར་པོ་ཞིག་གི་དཀྱིལ་དུ་ཁ་དོག་ནག་པོ་ཡིན་པའི་གཡུང་དྲུང་རི་མོ་འདི་འདྲ་"卐”ཞིག་འཇར་མན་གྱི་ཏང་དར་དུ་ཇུས་འགོད་བྱས་ཤིང་།  དེའི་དོན་སྙིང་ནི་ "卐”རྟགས་དེས་ཨརྱ(雅利安人)མི་རིགས་མཚོན་པ་དེ་རེད། རི་ཨར་མན(日耳曼)མི་རིགས་ནི་ཨརྱའི་རྒྱུད་པ་ངོ་མ་ཡིན་ཞིང་འཛམ་གླིང་ན་ཆེས་ཕུལ་དུ་བྱུང་བའི་མི་རིགས་ཤིག་ཡིན་པར་བསམས་ཏེ་འདིའི་རྒྱུད་པ་ཁྲག་གཙང་རུས་གཙང་ཞིག་ཡོང་ཐབས་ལ་འབད་ཅིང་ཨརྱའི་མི་རྒྱུད་རྒྱ་ཆེར་སྤེལ་འདོད་པས་ཡིན།

    གཞན་ཡང་གཡུང་དྲུང་བོན་གྱི་བསྟན་རྟགས་འདི་གཡོན་འཁྱིལ་ཡིན་ལ། རྣ་ཚུད་ཏང་གི་མཚོན་རྟགས་གཡས་འཁྱིལ་ཡིན་པ་མ་ཟད།  ཁ་དོག་ཀྱང་ནག་པོ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།