[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • འགྲན་ར་ཡངས་མོར་དཔའ་རྩལ་ངོམས། གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-15

    ཟླ་8ཚེས་28ནས་ཟླ་9ཚེས་8ཉིན་བར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་དུ་ཐུགས་གྲ་ལེགས་འགྲིག་ངང་གཉེར་བ་དང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་རང་ལྗོངས་ཀྱི་བདམས་ཐོན་པར་གསེར་གྱི་རྟགས་མ་1དང་། ཟངས་ཀྱི་རྟགས་མ་6ཐོབ་ཡོད། དེའི་རིང་རང་ལྗོངས་ཀྱི་ལུས་རྩལ་པས་དཀའ་སྤྱད་འབད་འབུངས་དང་གྲུབ་འབྲས་ལེགས་བརྩོན་གྱི་ལུས་རྩལ་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ངོ་མཚར་ཆེ་བའི་ལེའུ་གསར་པ་བཏོད་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ལུས་རྩལ་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་མང་ཚོགས་ལུས་རྩལ་བྱེད་སྒོར་ཞུགས་ཚད་ཀྱང་སྔར་བས་མང་དུ་ཕྱིན་ནས་མང་ཚོགས་ལུས་རྩལ་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་སོང་ནས་ལུས་རྩལ་བྱ་གཞག་ཁག་ཡར་རྒྱས་ཆེན་པ་བྱུང་ཡོད།

    ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་དཔལ་འབར་དལ་གྱིས་གཟིམ་ནའང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ཀྱིས་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།

    433032_yis_1505108536963_s.jpg

    རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྨི་10000གི་མཐའ་བསྡུར་ནང་རང་ལྗོངས་ཀྱི་བདམས་ཐོན་པ་ཚེ་རིང་མཚོ་མོར་གྲུབ་འབྲས་ཡག་པོ་ཐོབ་ནས་རང་ལྗོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་བདམས་ཐོན་པས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་མིག་སྔའི་བར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

    433034_yis_1505108539943_s.jpg

    རང་ལྗོངས་ཀྱི་རྟ་རྩལ་པ་བསྟན་འཛིན་བློ་བརྟན་རྟ་རྩལ་འགྲན་རའི་བཀག་ལྡན་འགྲན་བསྡུར་ལ་ཞུགས་པ།

    433038_yis_1505108547337_s.jpg

    བུད་མེད་ཀྱི་སྤྱི་རྒྱ་63རིམ་པའི་ཟངས་ཀྱི་རྟགས་མའི་འགྲན་བསྡུར་ཁྲོད། རང་ལྗོངས་ཀྱི་སྦེ་གའི་བདམས་ཐོན་པ་ཤི་ལོག་སྒྲོལ་མས་ཨང་5པ་བླངས་པ།

    433039_yis_1505108548772_s.jpg

    ངོ་མཚར་ཆེ་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་འཛད་སྒོ་འཚོག་ཡུལ་ཡིན་པ།

    433036_yis_1505108542782_s.jpg

    ལྗིད་འདེགས་ཀྱི་སྐྱེས་པའི་སྤྱི་རྒྱ་77རིམ་པའི་འགྲན་བསྡུར་ལ་རང་ལྗོངས་ཀྱི་བདམས་ཐོན་པ་ཝང་ལི་ཁྲའོ་ཡིས་ཐད་འདེགས་སྤྱི་རྒྱ་155དང་འབུད་འདེགས་སྤྱི་རྒྱ་188(བསྡོམས་པའི་གྲུབ་འབྲས་སྤྱི་རྒྱ་343)ཀྱི་གྲུབ་འབྲས་ལ་བརྟེན་ནས་ཨང་5པ་བླངས་པ།

    433037_yis_1505108545762_s.jpg

    སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་སྐྱེས་པའི་སྨི་10000གི་བྱ་དགའ་ཨང་དང་པོ་བླངས་མཁན་སྟོབས་རྒྱལ་དང་། རྩལ་ཁྲིད་པ། རུ་མི་བཅས་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    433033_yis_1505108538461_s.jpg

    སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་སྐྱེས་པའི་སྨི་10000གི་བྱ་དགའ་ཨང་དང་པོ་བླངས་མཁན་སྟོབས་རྒྱལ(གཡས་ཀྱི་གསུམ་པ)འགྲན་བསྡུར་ལ་ཞུགས་པ།

    433029_yis_1505108532627_s.jpg

    སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་རང་ལྗོངས་ཀྱི་བདམས་ཐོན་པ་འདུར་རྒྱུག་འགྲན་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་དང་། འདི་ནི་རང་ལྗོངས་ཀྱི་བདམས་ཐོན་པ་སྐྱེས་པ་གཉིས་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་ལ་ཞུགས་པ།

    433035_yis_1505108541300_s.jpg

    རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་རང་ལྗོངས་ཀྱི་མདའ་འཕེན་བདམས་ཐོན་པ་པད་མ་ཆོས་སྒྲོན་བུད་མེད་ཀྱི་སྨི་70ཡི་མདའ་འཕེན་འགྲན་བསྡུར་ལ་ཞུགས་པ།

    433031_yis_1505108535559_s.jpg

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འགོ་ཁྲིད་དང་། མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ། རྩལ་ཁྲིད་པ་བཅས་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

    433030_yis_1505108534109_s.jpg

    རང་ལྗོངས་ཀྱི་བདམས་ཐོན་པ་ཅང་ཧུའེ་བུད་མེད་ཀྱི་ཕིང་ཕང་སྤོ་ལོའི་རྐྱང་རྒྱག་འགྲན་བསྡུར་ལ་ཞུགས་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།