[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྤུ་ཧྲེང་གི་རྒྱན་གོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-09

    457368_yis_1512018655246.jpg

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་རྒྱན་གོས་ཆ་ཚང་ཁ་ཤས་ད་བར་སོར་ཉར་བྱས་ཡོད་པ་དེར་སྤུ་ཧྲེང་གི་རྒྱན་གོས་ཟེར་བ་དང་། མིང་གཞན་ལ་མཁའ་འགྲོ་མའི་རྒྱན་གོས་ཀྱང་ཟེར་ཞིང་། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། སྤུ་ཧྲེང་རྒྱན་གོས་མཛེས་ལ་ཧ་ཅང་རྩ་ཆེ་བས། མིག་སྔར་གཙོ་བོ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་དུད་ཚང་7གྱིས་མེས་པོས་ལོ་ངོ་བརྒྱ་ཕྲག་བརྒྱུད་པའི་སྤུ་ཧྲེང་རྒྱན་གོས་ཆ་ཚང་7ཉར་ཚགས་བྱས་པ་དེ་དག་དུས་ཆེན་ཤར་རིམ་བཞིན་གྱོན་གྱི་ཡོད།

    “རྒྱན་གོས་འདི་མི་རབས་བཅུ་ཙམ་བརྒྱུད་ཡོད། སྤུ་ཧྲེང་རྒྱན་གོས་བུ་མོས་མ་གཏོགས་བུས་རྒྱུན་འཛིན་བྱེད་ཀྱི་མེད”ཅེས་སྤུ་ཧྲེང་གི་རྒྱན་གོས་ཉར་ཚགས་བྱས་ཡོད་པའི་པ་སངས་བུ་ཁྲིད་ཀྱིས་བརྗོད་པ་དང་། ཁོ་མོས་གྱོན་པའི་སྤུ་ཧྲེང་གི་རྒྱན་གོས་དེ་མགོ་རྒྱན་དང་། མགུལ་རྒྱན། བེར་ཆེན། གསེར་གྱི་རྣ་ལོང་སོགས་ལས་གྲུབ་པ་དང་དེའི་ཐོག་བརྒྱན་པའི་དངུལ་དང་། གཡུ། མུ་ཏིག མ་ན་ཧོ། སྤོས་ཤེལ་སོགས་རིན་ཆེན་གྱི་རྒྱན་ཆའི་རིན་ཐང་གཞལ་དུ་མེད།

    457369_yis_1512018656306.jpg

    ཤེས་རྟོགས་བྱས་པ་བརྒྱུད། སྤུ་ཧྲེང་གི་མཁའ་འགྲོའི་རྒྱན་གོས་གསར་དུ་གཏོད་པའི་རིག་ཀློང་རྨ་བྱའི་སྒྲོ་གུར་ཕུབ་པ་ལས་བརྡོལ་བ་དང་། རྒྱན་གོས་དྲས་འཚེམ་ནས་རྒྱན་ཆ་འདོགས་པའི་བར་རྨ་བྱའི་མཛེས་སྡུག་ཡོངས་སུ་མངོན་བཞིན་ཡོད་པ་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།