[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • རིག་གནས་ཀྱི་སྟོན་མོ། གཟུགས་བརྙན་གྱི་སྐར་ཁུང་། སྤེལ་རེས་ཀྱི་ལས་སྟེགས།

    ​ གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གཉེར་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

    637796_yis_1561958610539_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་དང་གན་འཇོག་མཛད་སྒོ་ཚོགས་ཡུལ་ཡིན་པ།

    637799_yis_1561958612089_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གྲོལ་བའི་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    637795_yis_1561958610079_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་གཞིས་རྩེའི་ཚོགས་ར་གཙོ་བོར་གྲོང་མི་ཚོས་ཅི་ལིན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ལ་ལྟ་བཞིན་པ།

    637801_yis_1561958613199_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་ཅི་ལིན་བྱེད་སྒོའི་གཟའ་འཁོར་རིང་། གཞིས་རྩེ་སྤེན་ནག་ཚང་སྨན་རྩིས་ཁང་གི་ཡོན་ཀྲང་འཇམ་དབྱངས་ཀྱིས་ཁྲང་ཁྲུན་གྱི་གྲོང་མིར་སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་བཞིན་པ།

    637800_yis_1561958612579_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་ཅི་ལིན་ཞིང་ཆེན་གྱི་ཆེད་དོན་གདན་ཞུའི་འདུ་ཚོགས་ཚོགས་ཡུལ་ཡིན་པ། 

    637798_yis_1561958611619_b.jpg

    འདི་ནི“གཞིས་རྩེའི་ཕྱག་རྟགས”ཡུལ་སྐོར་ཚོང་ཟོག(དྲན་རྟེན་དངོས་རྫས)བསམ་བཀོད་ཇུས་འགོད་འགྲན་བསྡུར་ཆེ་མོ་བྱ་ཡུལ་ཡིན་པ།

    637797_yis_1561958611119_b.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མ་བུམ་པའི”དམངས་ཁྲོད་ཞབས་བྲོའི་སྒྱུ་རྩལ་གསར་གཏོད་ཀྱི་འགྲན་བསྡུར་སྐབས་དང་པོ་བྱ་ཡུལ་ཡིན་པ།

    637794_yis_1561958609639_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་གཞིས་རྩེའི་ཚོགས་ར་གཙོ་བོར་གྲོང་མིས་ཐང་གའི་འགྲེམས་སྟོན་ལ་ལྟ་བཞིན་པ།

    637793_yis_1561958609209_b.jpg

    འདི་ནི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་ཅི་ལིན་བྱེད་སྒོའི་གཟའ་འཁོར་རིང་། ཁྲང་ཁྲུན་གྱི་གྲོང་མིས“ཡིད་དུ་འོང་བའི་གཞིས་རྩེའི”པར་ལེན་འགྲེམས་སྟོན་ལ་ལྟ་བཞིན་པ།

    འདི་ནི་གྲ་རྒྱས་ལ་འཁྲུག་ཆ་དོད་པའི་སྟོན་མོ་གཟབ་རྒྱས་ཤིག་དང་། ངོ་མཚར་ཤིན་ཏུ་ཆེ་བའི་མཛད་སྒོ་གཟབ་རྒྱས་ཤིག མི་སེམས་འགུལ་བའི་དུས་སྐབས་ཤིག་བཅས་རེད། 2019ལོའི་ཟླ་5ཚེས་28ཉིན་ནས་ཟླ་6ཚེས་2ཉིན་བར་ནི། ཅི་ལིན་གྱི་བྱེད་སྒོའི་གཟའ་འཁོར་ཡིན་པ་དང་། ཟླ་6ཚེས་18ཉིན་ནས་ཚེས་24ཉིན་བར་ནི་གཞིས་རྩེའི་ཚོགས་ར་གཙོ་བོ་རེད། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་ཅི་ལིན་དང་བོད་ལྗོངས་ཁུལ་གཉིས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    མི་རིགས་ཀྱི་ཁྱད་ཆོས་སླར་ཡང་མངོན་པ་དང་། ཇོ་རིའི་སྤུས་རྟགས་སླར་ཡང་བཏོད་པ། འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་སླར་ཡང་འཕྲོག་པ་བཅས་དམངས་ཡོངས་ཀྱིས་དོ་སྣང་བྱེད་པའི་དུས་སྐབས་འདིར་གཞིས་རྩེས་རྣམ་པ་གསར་པ་དང་། ཉམས་འགྱུར་གསར་པ། གཟུགས་བརྙན་གསར་པ་བཅས་ལ་བརྟེན་ནས་མི་རྣམས་ལ་དུས་རབས་གསར་པའི་གཞིས་རྩེའི་སྐྱེ་སྟོབས་དང་། གསོན་ཤུགས། མཛེས་སྡུག་བཅས་ངོམས་སྟོན་བྱས་ཡོད།

    “ཇོ་རིའི་ལྷ་མོ”ལྷག་པར་མཛེས་པ་དང་། པ་སྣམ་གྱི་ཤིང་འབྲས་དང་སྔོ་ཚལ་གྱི་རོ་བཅུད་མྱོང་བ། རྣམ་གླིང་གི་ཧའེ་ཐང་མེ་ཏོག་དམར་མདངས་བཀྲ་བ། རྡོ་བརྐོས་སྒྱུ་རྩལ་གྱི་ཐུན་མིན་གྱི་ཁྱད་ཆོས་མངོན་པ། རྩེར་སོན་ཐང་ག་བཀྲག་མདངས་འཚེར་བ། ལྷ་མོའི་འཁྲབ་སྟོན་མི་སེམས་འགུལ་བ། རིག་རྩལ་སྐོང་འཁྲབ་ལ་དམིགས་བསལ་ཁྱད་ཆོས་ལྡན་པ། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ལྟ་བས་མི་ངོམས་པ། དམངས་ཡོངས་ཀྱི་སྐོར་བྲོའི་སྟངས་སྟབས་མཛེས་པ་ལ་སོགས་རེད།

    ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་བྱེད་སྒོའི་རིགས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། མེ་ཏོག་མཉམ་བཞད་ལྟར་ཚོན་མདོག་རྣམ་པར་བཀྲ་བ་དང་ངོ་མཚར་རབ་ཏུ་མངོན་པས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག

    ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པས་གསར་གཏོད་ཀྱི་བསམ་ཕྱོགས་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་མཐོང་ཚོར། དམིགས་བསལ་གྱི་བྱ་ཐབས། བྱང་ཆུབ་པའི་བྱེད་ཐབས་བཅས་ལ་བརྟེན་ནས་སྒོ་འཛུགས་དང་མཇུག་འགྲིལ་མཛད་སྒོ་དང་། རིག་རྩལ་འཁྲབ་སྟོན། འགྲེམས་སྟོན། དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་བརྒྱུད། ཡུལ་སྐོར་རིག་གནས་གཙོ་རྐང་དུ་བྱེད་པ་དང་དྲིལ་བསྒྲགས་རྒྱ་ཆེར་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་གཞིས་རྩེའི་སྒོ་དབྱེ་དང་། བསྟུན་མཁས། གསར་གཏོད། འཕེལ་རྒྱས་བཅས་ཀྱི་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པ་དང་། གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱི་དཔའ་ངར་ཆེར་སྐྱེད་དང་བདེ་སྡོད་ལས་བརྩོན་གྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་གཞིས་རྩེར་སྔར་བས་ཤེས་རྟོགས་དང་གཞིས་རྩེས་སྔར་བས་འཛམ་གླིང་ལ་ཕྱོགས་ཐུབ་པ་བྱས་པ་རེད།

    ཟླ་5ཚེས་29ཉིན། ཁྲང་ཁྲུན་གྲོང་ཁྱེར་དུ་གཞིས་རྩེ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ཐོག ཅི་ལིན་ཞིང་ཆེན་གྱི་ཁེ་ལས་མཁས་ཅན་ལྷན་དུ་འཛོམས་ནས་ཐུན་མོང་ཐོག་འཕེལ་རྒྱས་སྐོར་གླེང་བ་རེད།

    ཟླ་6ཚེས་18ཉིན། གཞིས་རྩེ་གྲོང་ཁྱེར་དུ་གཞིས་རྩེ་གྲོང་ཁྱེར་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་དང་གན་འཇོག་མཛད་སྒོ་འཚོགས་ཤིང་། རྣམ་གྲངས19གན་འཇོག་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་11.27ཟིན་པ་དེ་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།

    ཟླ་6ཚེས་19ཉིན། གཞིས་རྩེ་གྲོང་ཁྱེར་དུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཤན་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་དབར་མཛའ་གྲོགས་གྲོང་ཁྱེར་གཏོད་པའི་གན་འཇོག་མཛད་སྒོ་འཚོགས་པ་དང“ས་གནས་གཉིས་དབར་སྤུན་མཆེད་ལྟར་བརྩེ་བ་ཟབ་པ་དང་གཅིག་སེམས་གཅིག་གཏད”བྱ་རྒྱུ་རེད།

    རིག་གནས་ཀྱིས་རམ་འདེགས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པར་ཐབས་ལམ་སྣ་ཚོགས་དང་བྱ་ཐབས་སྣ་མང་སྤྱད་ནས་ཚོང་འགུགས་མ་འདྲེན་ཧུར་ཐག་སྤེལ་བས་དཔལ་འབྱོར་ངོ་འཕྲད་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།