[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གཏམ་བཤད། (གནད་བསྡུས)

    ཀུན་སྤྱོད་ཐད་ཞབས་འདེགས་ཞུ་ཐུབ་པའི་ཚད་གཞིར་བརྩི་སྲུང་ལག་བསྟར་བྱས་ཏེ།

    སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བཟང་བའི་ སྔོན་ཐོན་གྲྭ་བཙུན་ཞིག་བྱེད་པར་བརྩོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-28

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བདུན་ཕུད་ཆོས་འཁོར་དགོན། ཚེ་རིང་རྒྱལ་མཚན།

    ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད། ང་ཚོས་དགོན་སྡེ་ནི་སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་གྲས་ཤིག་དང་གྲྭ་བཙུན་ནི་སྤྱི་དམངས་དཀྱུས་མ་ཞིག་ཡིན་པའི་ངོས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་ནི་སྒྲུབ་དགོས་པའི་འོས་འགན་དང་འགན་འཁྲི་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱུང་། འདི་ལོ། ང་ཚོས་སློབ་གསོ་ལག་ལེན་བྱེད་སྒོ་འདི་ཉིད་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། གནད་དོན་བཙལ་འཚོལ་དང་གནད་དོན་ཐག་གཅོད་བྱ་རྒྱུ་འདི་གཉིས་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། དགོན་སྡེའི་དགེ་འདུན་པ་ཚོས་ཁྲིམས་སྦྱོང་དང་། ཁྲིམས་རྟོགས། ཁྲིམས་སྲུང་བཅས་ཀྱི་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་ནན་ཏན་བྱས་པ་དང་། ཞིབ་བསྡུར་དང་དབྱེ་ཞིབ་ནན་པོ་བྱས་པ་དང་ཆབས་ཅིག དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ་ཁྲིམས་ལུགས་ཤེས་བྱར་སློབ་སྦྱོང་ནན་ཏན་བྱས་པས། དགེ་འདུན་པའི་ཁྲིམས་སྐྱོང་གི་འདུ་ཤེས་དང་ལྟ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་། རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་མཐོ་བ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ། རང་འགུལ་རང་རྟོགས་ངང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ལེན་བྱེད་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཁྲིམས་ལྟར་རང་རྟོགས་ངང་བཀག་འགོག་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དེ་བཞིན་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་གཏིང་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་མཐའ་དག་ལ་འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་སྒྲིག་བཀུར་ཁྲིམས་སྲུང་གི་དགེ་འདུན་པ་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཡོད།

    སྒྲིག་ཁྲིམས་དང་སྡོམ་ཁྲིམས་ནན་སྲུང་བྱས་པ། རྒྱལ་ཁབ་ལ་རྒྱལ་ཁྲིམས་དང་ཆོས་ལུགས་ལ་ཆོས་ཁྲིམས་ཡོད། གལ་ཏེ་ནང་ཆོས་ལ་འདུལ་ཁྲིམས་ཀྱི་བསླབ་བྱ་ཁག་མེད་ན། སངས་རྒྱས་ཆོས་ལུགས་ཀྱང་འགྲུབ་མི་ཐུབ། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། ང་ཚོས་དགེ་འདུན་པས་སྡོམ་ཁྲིམས་ཇི་ལྟར་སྲུང་མིན་དང་སྒོམ་སྒྲུབ་ཉམས་ལེན་ཇི་ལྟར་བྱེད་མིན་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཁག་ལ་གྲལ་བཤེར་ནན་ཏན་བྱས་པ་བརྒྱུད། ང་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་པས་གནང་བའི“དགོན་པ་དགོན་པ་འདྲ་བ་དང་། གྲྭ་པ་གྲྭ་པ་འདྲ་བ”བྱེད་དགོས་པའི་བསླབ་བྱ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། དགོན་སྡེའི་སྒྲིག་ལམ་དང་སྡོམ་ཁྲིམས་ནན་སྲུང་བྱས་ཏེ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འདང་ངེས་དང་སྤྱོད་གོ་ཆོད་པ་བྱུང་ན་འགྲིག་པའི་འདུ་ཤེས་བཙུགས་ཐོག དྭངས་གཙང་ཉམས་ལྡན་དང་བབ་ཆགས་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་གཏོང་དགོས་ལ། ཆེ་འདོད་རྒྱས་སྤྲོས་དང་གྲགས་པ་དོན་གཉེར་གྱི་ཚུལ་མིན་སྤྱོད་ཚུལ་ལ་ངོ་རྒོལ་བྱེད་དགོས། བྱམས་སྙིང་རྗེའི་བསམ་པ་དང་། འགྲོ་ཀུན་བདེ་ལ་འགོད་པ། སྡིག་པ་ཅི་ཡང་མི་བྱ་བ། དགེ་བ་ཕུན་སུམ་ཚོགས་པར་སྤྱོད་པ་བཅས་ཀྱི་ནང་ཆོས་ཀྱི་གཞི་རྩའི་བསྟན་དོན་ཁག་དར་སྤེལ་ཧུར་ཐག་བཏང་ཐོག རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་།

    ཀུན་སྤྱོད་བློ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་ཆོས་ལུགས་ལས་རིགས་ཚུད་པའི་མི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་རིན་ཐང་གི་ལྟ་བ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ནང་ཆོས་དར་སྤེལ་དང་། སྤྱི་ཚོགས་ལ་ཞབས་ཞུ། རང་ཉིད་གཅུན་འདོམས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མངོན་པ་བྱ་རྒྱུ་ནི་དེང་རབས་ཀྱི་དགེ་འདུན་པ་ཚོའི་ཀུན་སྤྱོད་ཀྱི་བླང་བྱ་ཞིག་རེད། རྒྱལ་གཅེས་དང་། ལས་བརྩོན། ཡིད་རྟོན། མཛའ་མཐུན་བཅས་ཀྱི་གཞི་རྩའི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སློབ་གསོར་ཁྲིད་སྟོན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་བསྟན་དོན་དང་འདུལ་ཁྲིམས་གསལ་འགྲེལ་དངོས་འབྲེལ་ཐུབ་པ་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པ་བྱེད་དགོས། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། ང་ཚོས་དགོན་སྡེའི་དགེ་འདུན་པ་ཚོའི་ཀུན་སྤྱོད་བློ་སྦྱོང་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཁག་བཙལ་འཚོལ་ནན་ཏན་བྱས་ཡོད། ཞིབ་བསྡུར་དག་ཐེར་བྱས་པ་བརྒྱུད། ང་ཚོས་རང་ཉིད་ལ་བཏོན་པའི་བླང་བྱ་དེ་བས་མཐོ་བ་དང་། རང་གཅུན་དེ་བས་ནན་པ། སྐུལ་ལྕག་དེ་བས་ནན་པ་བཅས་བྱས་ཏེ་སེམས་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།