[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སོ་ཁི་ར་ཐེའི་①འབེལ་གཏམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-07

    ཉིན་གཅིག་སོ་ཁི་ར་ཐེ་ཡིས་ཁོའི་སློབ་མ་འགའ་ཁྲིད་དེ་རྩྭ་ལྡུམ་གྱིས་ཁེངས་པའི་སྐྱེད་ཚལ་ཞིག་ཏུ་བསྐྱོད་ནས་། སློབ་མ་རྣམས་ལ“རྩྭ་ལྡུམ་འདི་དག་ཇི་ལྟར་མེད་པར་བཟོ་དགོས་”ཞེས་དྲིས། སློབ་མ་ལ་ལས་ལག་པས་བཀོག་ན་བཟང་ཟེར། ལ་ལས་ཟོར་བས་འབྲེག་ན་བཟང་ཟེར། ད་དུང་ལ་ལས་མེ་ཡིས་བསྲེགས་ན་འགྲིག་ཅེས་བསམ་ཚུལ་མི་མཐུན་པ་བཏོན། འོན་ཀྱང་སོ་ཁི་ར་ཐེས་ཚང་མར་བཤད་རྒྱུར། རྩྭ་ལྡུམ་འདི་དག་མེད་པར་གཏོང་བའི་ཐབས་ཡག་ཤོས་ནི་ས་འདི་རུ་ལོ་ཏོག་འདེབས་རྒྱུ་དེ་ཡིན། ལོ་ཏོག་བཏབས་ན་རྩྭ་ལྡུམ་སྐྱེ་ས་མེད་པར་འགྱུར་བ་རེད་ཅེས་བཤད། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་མང་ཤོས་ཀྱི་སེམས་ཁོང་དུ་ཐེ་ཚོམ་དང་། སེམས་ཁྲལ། སྐྱོ་གདུང་། ཁེར་རྐྱང་དང་ཡུལ་པོ་སོགས་སྡུག་བསྔལ་གང་མང་མང“རྩྭ་ལྡུམ”བཞིན་དུ་མི་འདོད་བཞིན་དུ་འབྱུང་བའོ། དེའི་ཕྱིར། དུས་ཐོག་ཏུ་སེམས་ཁོང་གི“རྩྭ་ལྡུམ”དེ་དག་མེད་པར་མ་བཟོས་ན། སེམས་པ་ཐང་སྟོང་དུ་འགྱུར་བའི་ཉེན་ཁ་ཆེ། འགོག་པ་དང་། འབྲེག་པ། བསྲེགས་པ་སོགས་ཐབས་གང་སྤྱད་རུང་རྩྭ་ལྡུམ་དག་ཅིས་ཀྱང་རྩ་མེད་གཏོང་མི་ཐུབ་པས། སེམས་ཀྱི་ཞིང་ས་རུ་ལོ་ཏོག་འདེབས་དགོས། འོ་ན་སེམས་ཀྱི་ཞིང་སར་འདེབས་དགོས་པའི་ལོ་ཏོག་ནི་གང་དག་རེད་ཅེ་ན། དེ་ནི་བློ་བག་ཡངས་ཤིང་། བཟོད་སྒོམ་ཆེ་བ། སྤྲོ་སྣང་ལྡན་པའི་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་བློ་ཡོད་དོ་ཅོག་རེད། འུ་ཅག་གིས་སེམས་ཁོང་གི་རྩྭ་ལྡུམ་དག་མེད་པར་བཟོ་བར་དགེ་མཚན་ལྡན་པའི་གཤིས་ཀ་གང་མང་ཧུར་ཐག་གིས་ལོབས་སུ་འཇུག་ཆོག འདི་ལ་བྱེ་བྲག་གི་ཐབས་གསུམ་ཡོད་པ་སྟེ། གཅིག་ནས་གྲོགས་གང་མང་བསྒྲིཌ་ཏེ་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་ཁྲོད་དུ་སྤྲོ་སྣང་འཚོལ་དགོས། གཉིས་ནས་མི་ཚེའི་དམིགས་འབེན་ཆུང་ཆུང་རེ་བཙུགས་ཏེ། དེ་མངོན་འགྱུར་འབྱུང་བའི་ཆེད་དུ་འབད་བརྩོན་བྱས་ཆོག་ལ། རྒྱལ་ཁ་རེ་རེས་ཁྱོད་ལ་དགའ་སྣང་གི་ཚོར་བ་མྱང་དུ་འཇུག་ངེས། གསུམ་ནས་རྩོད་སྒྲུབ་ཀྱི་ལྟ་སྟངས་བཟུང་སྟེ། བར་ཆད་དང་ཕམ་ཁ་གཉིས་ལ་ཞིབ་མོའི་བློ་ཡིས་དཔྱད་པར་བྱ། བར་ཆད་དང་ཕམ་ཁ་འཕྲད་དུས་ཐང་ཆད་དེ་མི་སྡོད་པར་བར་ཆད་དང་ཕམ་ཁའི་ཁྲོད་ནས་ཐོབ་པའི་དགེ་མཚན་གྱི་ཆ་དེ་མཐོང་ཐུབ་དགོས་ཞེས་བཤད།

    མཆན། ① གྷི་རི་སིའི་མཚན་ཉིན་རིག་པ་མཁས་ཅན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།