[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གཏམ་དཔེ་རྣ་བའི་བུ་རམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    རྐུན་མ་མ་ཤོར་བ་དགོས། རྐུན་རྩད་མ་ཆོད་པ་དགའ།

    རྐུན་མ་ལ་ཇག་པ་ཤོར།

    རྐུན་མ་ལང་ཤོར་མི་གྲལ་ལ་མི་ཚུད།

    རྐུན་མས་སངས་རྒྱས་གར་ཡོད་མི་ཤེས།

    རྐུབ་ལ་མེ་ཚུགས་བརྒྱབ་ཀྱང་། ཁ་ནས་ཨ་ཚ་མི་ཟེར།

    རྐྱང་ཕོ་ཧྲེང་ལ་ཆུ་མི་རག མི་ཕོ་ཧྲེང་མི་ཚེ་མི་འཁྱོལ།

    རྐྱང་ལ་རྔོ་ཤོར་ན། ཡས་སོ་ཅན་གྱི་བསྟན་པར་གནོད།

    རྐྱང་ལྷོ་ལ་ཤི་ཡང་། མགོ་བྱང་ལ་གཏད།

    རྐྱལ་གོག་ཆེན་པོའི་ཞབས་ར།

    རྐྱལ་གོག་མཐིལ་རྡོལ།

    ལྐུགས་པ་ལ་ཤེས་རབ་ཀྱི་ལྕེ་དང་། ལོང་བ་ལ་ཡེ་ཤེས་ཀྱི་མིག

    ལྐུགས་པས་ལྐུགས་རྟགས་མ་བསྟན་ན། རྒྱལ་པོའི་སྲས་དང་ནོར་ཉེན་ཡོད།

    ལྐུགས་པས་ཇ་ཁུ་བཏུངས་ཀྱང་། ཁ་ཏིག་རྒྱག་གི་ཟེར་མི་ཤེས།

    ལྐུགས་པས་སྤྱང་མདོག་བྱས་ན། མངོན་གསལ་གཞན་ལས་དོད་པ།

    ལྐུགས་པར་རྨི་ལམ་རྨིས་པ་བཞིན། བརྗོད་དུ་མེད་པའི་ཉམས་ཤིག་ཤར།

    སྐད་ཆ་ཉུང་རུང་མགོ་རྔ་ཚང་། ལུང་པ་ཆུང་ཡང་རྩྭ་ཆུ་འཛོམས།

    སྐད་ཆ་མང་ན་འཕྱུགས་འགྲོ སྐུད་པ་རིང་ན་ཆད་འགྲོ

    སྐད་ཆར་ཆོ་མི་འདུག སྦུད་པར་དབུགས་མི་འདུག 

    སྐད་སེང་གེ་དཀར་མོ་ཆེ་ཡང་། ཕན་ཐོགས་སྒོ་ཁྱི་ནག་ཆུང་ཆེ།

    སྐབས་བབ་གསེག་གཅོད།

    སྐམ་པོ་རྡོས་བརྡུངས། རློན་པ་གྲིས་གཅོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།