[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྣང་ཆེན་བཞི་དང་དགའ་ཞེན་བཞི་ལ་སྦྱར་བའི་གླུ་ཆུང་ངག་གི་མཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྕང་བུ་ཆུང་།    |    སྤེལ་དུས།   2018-09-30

    ཀྲུང་ཧྭ་འཛིན་མའི་ཁྱོན་ལ་སྟོན་མདངས་འཕྱུར། །

    མི་རིགས་ང་དྲུག་སྐྱིད་པའི་དཔལ་ཡོན་བཞད། །

    ཞི་བདེའི་ཁུ་བྱུག་གསུང་སྙན་ལྷང་ལྷང་གྲགས། །

    འཕེལ་རྒྱས་རྣམ་པ་གསར་པའི་འཇའ་ཚོན་བཀྲ། །

    དེ་ལྟའི་ཉམས་སྣང་འབུམ་གྱིས་བརྟས་པ་ཡི། །

    བདག་ཅག་མ་ཡུམ་མེས་རྒྱལ་འཁྲུངས་སྐར་བཟང་། །

    བཅུ་ཕྲག་བདུན་ལ་ཉེ་བའི་བཤུལ་ལམ་ཁྲོད། །

    འབད་འབུངས་ཆེར་བསྐྱེད་དུས་རབས་གསར་པར་སྙེཌ། །

    ཁྱད་འཕགས་སྲིད་ཇུས་ཉི་ཟླ་དགུང་དུ་འཆར། །

    འབྱོར་ཕྱུག་ལོངས་སྤྱོད་སྦྲང་ཆར་ས་གཞིར་འབབ། །

    མཐུན་འཇུག་རིན་ཆེན་འབྱུང་གནས་ཉིན་བཞིན་རྒྱས། །

    ངོ་མཚར་དཔག་བསམ་འཁྲིགས་པའི་ཚང་ཚིང་སྟུག །

    ཡང་སྒོས་དམངས་ཕན་སྲིད་ཇུས་རབ་རིམ་གྱི། །

    དྲོད་འཇམ་ཉི་མས་དམངས་ཀྱི་སེམས་པ་དྲོས། །

    དབུལ་སྒྲོལ་འགག་སྒྲོལ་གནད་འཕིཌ་ཐབས་ཇུས་ཀྱིས། །

    ཞིང་འབྲོག་འཚོ་བ་འབྱོར་འབྲིང་ཕྱོགས་སུ་སྐྱོད། །

    དེ་ལྟའི་དགའ་བདེར་རོལ་བའི་གནས་བཟང་འདིའི། །

    དམངས་ཀྱི་སེམས་པ་འགྱུར་མེད་ཏང་ལ་ཕྱོགས། །

    ཏང་གི་བཀའ་དྲིན་ཟབ་མོར་སྣང་ཆེན་གྱིས། །

    བྲག་བཞིན་སྲ་བའི་སྲོག་ཤིང་ཡིད་ལ་བཅངས། །

    ཀྲུང་ཧྭ་ས་གཞི་ཆེན་པོའི་བུ་ཕྲུག་རྣམས། །

    མ་ཡུམ་གཅིག་གི་འོ་མས་མཉམ་དུ་འཚར། །

    མཐུན་སྒྲིལ་གཅིག་འགྲིལ་གནད་ལ་སྣང་ཆེན་གྱིས། །

    མ་ཡུམ་མེས་རྒྱལ་མཆོག་ལ་བློ་སེམས་དཀར། །

    ཏང་སྲིད་བཟང་པོའི་ཡང་དག་མཛུབ་སྟོན་འོག །

    བདེ་སྐྱིད་ཉི་མ་ཤར་བའི་དགའ་སྟོན་དེ། །

    སྔོན་གཤེགས་དཔའ་བོ་དུ་མའི་བཀའ་དྲིན་ལས། །

    བྱུང་བའི་ངེས་ཤེས་དམངས་ཀྱི་སེམས་སུ་གསལ། །

    དེ་ཕྱིར་མ་འོངས་སྔར་བས་མཛེས་པའི་ཆེད། །

    ཀུན་གྱིས་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས། །

    དྲོ་སྐྱིད་རབ་ཏུ་འཁོལ་བའི་ཁྱིམ་གཞིས་འདིར། །

    དགའ་ཞེན་འཆང་ནས་རང་འགན་ལེཌ་པར་སྒྲུབ། །

    ཇི་སྲིད་དངོས་པོའི་དཔལ་ཡོན་ཕྱུག་ན་ཡང་། །

    ནང་སེམས་གསོ་བའི་ཤེས་རིག་མི་ལྡན་ན། །

    ལྟོ་འགྲངས་འབའ་ཞིག་དོན་དུ་གཉེར་བ་ཡི། །

    དུད་འགྲོ་དག་དང་ཁྱད་པར་ཅི་ལ་ཡོད། །

    དེས་ན་ཤེས་དཔལ་གཏོད་ལ་སྣང་ཆེན་གྱིས། །

    ཡ་རབས་བཟང་པོའི་ཀུན་སྤྱོད་ཚུལ་སྲུང་ནས། །

    ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས། །

    ལོངས་སྤྱོད་འཛོམས་པའི་འཚོ་བར་རབ་ཏུ་ཞེན། །

    ད་ལྟའི་བདེ་སྐྱིད་འཚོ་བའི་འབྱུང་ཁུངས་དང་། །

    མ་འོངས་བསྐལ་པ་བཟང་པོའི་ཕུགས་འདུན་སོགས། །

    གང་གི་རྐྱེན་ལས་བྱུང་མིན་ལེགས་རྟོགས་ནས། །

    སྣང་ཆེན་བཞི་དང་དགའ་ཞེན་བཞི་སྦྱོངས་ཤིག །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།