[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅།།སྟོན་ལོ་སེར་པོ།།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-04

    གེ་སར་ཅན།

    སྟོན་ལོ་སེར་པོ།

    དབྱར་གྱི་རྫོགས་རྟགས་ཤིག་ཡིན་ནམ།

    དགུན་གྱི་སྟ་གོན་ཞིག་ཡིན།

    ཡང་ན།

    དུས་ཀྱི་ཕོ་ཉའི་རྐང་རྗེས་ཤིག་ཡིན།

    དབྱར་ཁའི་མེ་ཏོག་གི་མཚར་སྡུག

    སྟོན་ལོ་སེར་པོས་འཕྲོག

    དབྱར་ཁའི་ལྗང་མདོག་གི་འདབ་ལོ།

    སྟོན་ཁར་སེར་མདོག་ཏུ་གྱུར།

    དེ་ནི་ཚེ་སྲོག་གི་ཚོན་མདོག་ཅིག

    དེ་ནི་ནམ་དུས་བརྗེ་སྒྱུར་གྱི་

    ཚོན་མདོག་ཅིག

    དེ་ནི་འཇིག་རྟེན་འཁོར་བ་ཡི་

    ཆོས་ཉིད་ཅིག

    སྟོན་ལོ་སེར་པོ་ཡི་རྩ་རྒྱུད་ཐོག

    ལོ་ཟླ་ཡི་འདས་དོན་བརྐོས་ཡོད་ལ།

    ངལ་དུབ་དང་གྲུབ་འབྲས་བཙུད་ཡོད།

    སྟོན་ལོ་སེར་པོ་ཡལ་ག་དང་བྲལ།

    ལྷེབ་ལྷེབ་ཏུ་ཟགས་པའི་སྟོན་ལོ་སེར་པོ།

    སྟོན་ལོ་ལྷགས་ཁྱེར་ལ་རང་དབང་མེད།

    རླུང་བུ་ཡིས་གང་སར་ཁྱེར།

    ཁ་ཕྱོགས་ངེས་མེད་དུ་ཁྱེར།

    འོན་ཀྱང་།

    དེ་ནི་ཚེ་སྲོག་གི་བྲོ་གར་ཞིག་ཡིན་པས།

    སྟོན་དུས་ཀྱི་གྱེས་བྲལ་མེད་ན།

    དཔྱིད་དུས་ཀྱི་འདུ་འཛོམས་ཅི་ནས་འོངས།

    སྟོན་གྱི་དུས་འདིར།

    སྟོན་ལོ་སེར་པོས།

    མཚར་སྡུག་གི་ཚོན་མདངས་ཤིག་

    ངོམས་རྗེས།

    སང་ལོ་སླར་ཡང་མཇལ་བའི་

    རེ་སྒུག་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།