[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །དུས་ཆེན་གྱི་མཐོང་ཐོས།།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ པད་མ་བསོད་ནམས(སློབ་མ)    |    སྤེལ་དུས།   2018-11-04

    དྭངས་གསལ་ཨ་སྔོན་དབྱིངས་སུ་ཐོ་རེངས་སྐར་ཆེན་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། གསེར་ལྡན་དགའ་མའི་བཞིན་རས་ངོས་ཀྱི་ཡོལ་བ་ནག་པོ་དེ་རིམ་གྱིས་ཡལ། དེ་ཉིན་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཀྲུང་གོ་ཉིད་དགུང་གྲངས་དྲུག་ཅུ་རེ་དགུར་སོན་པའི་འཁྲུངས་སྐར་གྱི་ཉིན་མོ་ཡིན། ངས་རྣམ་ཀུན་དང་མི་འདྲ་བར་ཞོགས་པ་སྔ་པོ་ནས་ལངས་ཏེ་ཁ་ངོ་གཙང་མར་བཀྲུས་ནས་ཞོགས་ཟས་བཟས་རྗེས་ཕ་མ་དང་ལྷན་ཅིག་དུས་ཆེན་གྱི་བཀྲ་ཤིས་དགའ་སྟོན་ལ་རོལ་བར་སྐྱོད།

    མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཤིང་། ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་འོངས། མི་ལ་ལ་ནི་དུས་ཆེན་གྱི་ངལ་གསོ་སྤྱད་དེ་རང་ཉིད་ཀྱིས་གསར་དུ་ཉོས་པའི་རླངས་འཁོར་བཏང་ནས་ནང་མི་དང་མཉམ་དུ་ཡུལ་སྐོར་དུ་འགྲོ་བ་དང་། ལ་ལ་ནི་དཔེ་ཁང་དུ་ཕྱིན་ཏེ་རང་ཉིད་དགའ་བའི་དེབ་ལ་བལྟ་བར་འགྲོ་བ་སོགས་རྣམ་པ་མི་གཅིག་པའི་ཐོག་ནས་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུ་བཞིན་མཆིས། ད་དུང་གསོལ་མགྲོན་ཁང་དང་ལས་ཁུངས་མི་འདྲ་བ་སོགས་ཀྱི་རྒྱལ་སྒོའི་སྟེང་དུ་རྒྱལ་སྟོན་དུས་ཆེན་དགའ་གཏོང་བྱེད་ཅེས་ནང་དོན་བྱས་པའི་འཕྲེང་དར་མང་པོ་བཏགས་ཡོད་པ་མ་ཟད་ཤོག་སྦག་སྣ་ཚོགས་བརྒྱབ་སྟེ་དགའ་སྣང་ལྡན་པའི་ངང་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་ཕུན་སུམ་ཚོགས་པོ་ཞིག་འདྲེན་བྱེད་ཀྱི་དཔལ་དུ་ཤར།

    མཛེས་ཤིང་བརྗིད་ཉམས་ལྡན་པའི་རྫོང་རིའི་ཐང་ཆེན་དུ་ཚར་དུ་དངར་བའི་དམག་མིའི་རུ་དཔུང་གི་སྣེ་ཁྲིད་འོག་སྙན་འཇེབས་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་རྟེན་འབྲེལ་གྱི་མཛད་སྒོ་ཐོག་མར་འགོ་ཚུགས་སོང་། དེ་རྗེས་ཚན་པ་ཁག་ནས་ཕེབས་པའི་འཁྲབ་སྟོན་མི་སྣས་སྙན་པའི་གླུ་དབྱངས་དང་། འཁྲུག་པའི་ཞབས་བྲོ་འཁྲབ་སྟེ་དགའ་བདེའི་དཔལ་ལ་རོལ་བཞིན་འདུག དུས་མཚུངས་གཞུང་ལམ་གྱི་ངོས་ནས་མི་རྣམས་ཀྱི་དགའ་སྤྲོའི་འབོད་སྒྲ་དང་། ཡར་མར་མཚམས་མེད་དུ་འགྲུལ་བཞུད་བྱེད་པའི་རླངས་འཁོར་གྱི་ལྡིར་སྒྲ་སོགས་དབྱངས་རྟ་དང་འགྱུར་ཁུག་མི་གཅིག་པའི་རོལ་དབྱངས་རེ་རེར་འཁྲུལ་ནས་ཉན་བྱེད་རྣ་ཡི་བུ་གར་ལྷང་ལྷང་དུ་གྲགས་འོང་།

    ཨེ་མ། ད་ཐེངས་ཀྱི་རྒྱལ་སྟོན་དུས་ཆེན་འདི་ནི་དོན་སྙིང་ཆེ་བ་དང་། འཁྲུག་ཆ་དོད་པས་ངས་ནམ་ཡང་བརྗེད་མི་སྲིད་ལ། ང་ཚོའི་འཚོ་བ་ནི་ཧ་ཅང་ཕུན་སུམ་ཚོགས་ལ་དར་ཞིང་རྒྱས་པ་ཡིན་པའི་སྣང་བ་ཞིག་ཀྱང་འགོག་མེད་དུ་ཤར་བྱུང།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།