[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མཚར་གཏམ་ཐོས་པ་འཛུམ་ཤོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-12

    སློབ་ཕྲུག་སྐལ་བཟང་སྨན་ཁང་དུ་ནད་གཞི་བརྟག་དཔྱད་བྱེད་པར་བསྐྱོད། སྨན་པས་བརྟག་དཔྱད་བྱས་རྗེས། “སྣང་དག་མི་འདུག ཁབ་གཅིག་བརྒྱབ་ན་དྲག་སྐྱེད་ཡོང་བ་འདུག”ཅེས་བརྗོད་པ་དང་སྦྲགས། སྨན་བྱུག་པའི་སྲིང་བལ་གྱིས་སྐལ་བཟང་གི་དཔུང་པ་ཕྱིས་འགོ་ཚུགས། སྨན་པས་སྲིང་བལ་ཁ་ཤས་གསར་དུ་བརྗེས་ནས་ཡང་སྐོར་བསྐྱར་སྐོར་གྱིས་ཕྱིས་པས། སྐལ་བཟང་གི་བསམ་པར་ནད་གཞི་ལྗིད་པོ་མེད་དམ་སྙམ་ནས་དངངས་སྐྲག་དང་བཅས་ཏེ་སྨན་པར། “ཨེམ་རྗེ་ལགས། ནད་གཞི་ཚབས་ཆེན་པོ་འདུག་གམ”ཞེས་དྲིས། སྨན་པས་གཟབ་ནན་ངང“བུ། རང་གི་གཟུགས་པོ་བཀྲུ་རན་ཐག་ཆོད་བཞག”ཅེས་བཤད།

    ཚེ་རིང་སང་ཉིན་ཡིག་རྒྱུགས་གལ་ཆེན་ཞིག་ལ་ཞུགས་དགོས་སྟབས། དགོང་མོ་མ་ཉལ་གོང་མགྲོན་ཁང་དེའི་ཞབས་ཞུ་མར་སང་ཉིན་ཞོགས་པ་དུས་ཐོག་ཏུ་གཉིད་ལས་སློང་དགོས་པའི་དྲན་སྐུལ་བྱས། འོན་ཏེ། ཉིན་གཉིས་པའི་ཞོགས་པར་ཚེ་རིང་དུས་ཐོག་ཏུ་གཉིད་མ་སད་པའི་རྐྱེན་གྱིས་ཡིག་རྒྱུགས་ལ་ཞུགས་ཐུབ་མེད། དེར་བརྟེན། ཁོང་གིས་མགྲོན་ཁང་དེ་ཁྲིམས་ལ་སྦྱར་བ་རེད། ཀུན་གྱི་བསམ་ཚོད་ལས་འདས་པ་ཞིག་ལ་ཁྲིམས་ར་ཚོགས་པའི་ཉིན་དེའི་ཞོགས་པ་ཁོང་སྔར་བཞིན་དུས་ཐོག་ཏུ་གཉིད་སད་མེད་པས། མཐར་ཁྲིམས་ཁང་ནས་གྱོད་གཞི་དེ་རང་འགུལ་ངང་ཕྱིར་འཐེན་བྱས་པར་བརྩིས།

    མདང་ནུབ་མཚན་གང་གངས་བབས་པས། མཚོ་མོ་ཞོགས་པ་རླངས་འཁོར་བཏང་ནས་ལས་ཀར་ཐོན་རྩིས་བྱེད་སྐབས། རླངས་འཁོར་གྱི་སྒེའུ་ཁུང་ཤེལ་སྒོ་མེད་པ་མ་ཟད། ནང་ལོགས་སུ་གངས་ཀྱིས་ཁེངས་ཡོད་པ་མཐོང་བས་ཁོང་ཁྲོ་ཚད་མེད་ལངས་བཞིན་དུ་སྡེ་ཁུལ་གྱི་དོ་དམ་པ་བཙལ་ནས། ངའི་རླངས་འཁོར་གྱི་སྒེའུ་ཁུང་ཤེལ་སྒོ་མི་གཞན་གྱིས་བཅག་འདུག་ཅེས་རླུང་འཚུབ་འཚུབ་ངང་བཤད། སྡེ་ཁུལ་དོ་དམ་པས་རླངས་འཁོར་ལ་ལྟ་ཙམ་བྱས་ཏེ“བུ་མོ། རང་གིས་རྗེས་སུ་སྒེའུ་ཁུང་བརྒྱབ་རྒྱུ་མ་བརྗེད་པ་བྱས་ན་འགྲིག་གི་རེད་དམ”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།