[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གཅིག་གི་གཏམ་དཔེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    རྒྱུ་ནོར་གསོག་པར་སླ། གྲོགས་བཟང་རྙེད་པར་དཀའ།

    ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཀྱིས་རྒྱུན་དུ“རྒྱུ་ནོར་གསོག་པར་སླ། གྲོགས་བཟང་རྙེད་པར་དཀའ”ཞེས་བརྗོད་ཀྱི་ཡོད། ངེད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་ནི་གསེར་དངུལ་སྟོང་གིས་མི་ཁུགས་པའི་རིན་བྲལ་རྒྱུ་ནོར་ལྟ་བུ་རེད།

    —— 2013ལོའི་ཟླ་10པའི་ཚེས་3ཉིན། ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་སུ་གཏམ་བཤད་གནང་སྐབས་གསུངས།

    གང་ལ་ཉ་འཛིན་སྟངས་བསླབས་པ་ན།

    གང་དེ་ནམ་ཡང་བཀྲེས་མི་འགྱུར།

    ང་ཚོས་ཁྱིམ་མཚེས་དབར་གྱི་མཛའ་མཐུན་སྲ་བརྟན་དུ་བཏང་ནས། གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་རོགས་ཟླར་འགྱུར་བ་བྱེད་དགོས། སི་རི་ལན་ཁའི་གཏམ་དཔེར“གང་ལ་ཉ་འཛིན་སྟངས་བསླབས་པ་ན། གང་དེ་ནམ་ཡང་བཀྲེས་མི་འགྱུར”ཞེས་བརྗོད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཐའ་འཁོར་རྒྱལ་ཁྱབ་ལ་འཛིན་པའི་ཉེ་དྲང་ཕན་དཀྱེལ་གྱི་ཕྱི་འབྲེལ་འདུ་ཤེས་སི་རི་ལན་ཁ་དང་མཉམ་ལས་བྱེད་པའི་ཁུལ་ཁོངས་ཚང་མར་དོན་འཁྱོལ་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱིས་སི་རི་ལན་ཁའི་མི་དམངས་ལ་དེ་བས་ལེགས་པའི་ཕན་པ་ཐོན་པའི་འབད་བརྩོན་བྱེད་ཀྱི་ཡིན།

    —— 2014ལོའི་ཟླ་9ཚེས་16ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་རི་ལན་ཁའི《ཉིན་རེའི་གསར་འགྱུར》ཚགས་པར་དུ་སྤེལ་བའི་མཚན་བཀོད་རྩོམ་ཡིག《ཕྱར་བ་གྲུ་འདེགས་བྱས་ནས་ཕུགས་འདུན་སྒྲུབ་པའི་རོགས་ཟླར་འགྱུར་བར་བྱེད་དགོས》ཞེས་པར་འཁོད།

    སྡོང་རྐང་གཅིག་གིས་ནགས་ཚལ་འགྲུབ་མི་སྲིད།

    སྡོང་གསུམ་འཛོམས་ན་ནགས་རི་ལས་ཀྱིས་འགྲུབ།

    ཀྲུང་གོར“ནུས་ཤུགས་བསྡུས་པའི་བྱ་སྤྱོད་ཀྱིས་མི་ཐུབ་དཀའ་ངལ་གང་ཡང་མེད། བློ་གྲོས་བསྡུས་པའི་བརྟུལ་ཞུགས་ཀྱིས་མི་འགྲུབ་བྱ་བ་གང་ཡང་མེད”ཅེས་པའི་གནའ་གཏམ་ཞིག་ཡོད། ཡོ་ནན་ལ“སྡོང་རྐང་གཅིག་གིས་ནགས་ཚལ་འགྲུབ་མི་སྲིད། སྡོང་གསུམ་འཛོམས་ན་ནགས་རི་ལས་ཀྱིས་གྲུབ”ཅེས་པའི་ཤོད་རྒྱུན་ཞིག་ཡོད། ངས་མཚམས་འདྲི་བྱེད་རིང་། ཡོ་ནན་འགོ་ཁྲིད་མི་སྣ་དང་འབྲེལ་འདྲིས་གཏིང་ཟབ་བྱས་ནས། ཕྱིས་ཀྱི་དུས་མཚམས་ཤིག་རིང་གི་ཀྲུང་ཡོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོཌ་ལ་འཆར་འགོད་བྱས་ཏེ་ཀྲུང་ཡོའི་འབྲེལ་བ་བརྟན་ཅིང་ཡུན་དུ་གནས་པའི་རེ་སྨོན་འཆང་བཞིན་ཡོད།

    —— 2015ལོའི་ཟླ་11ཚེས་5ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གྱི《མི་དམངས་ཚགས་པར》དུ་སྤེལ་བའི་མཚན་བཀོད་རྩོམ་ཡིག《ལག་གདང་སྦྲེལ་ནས་ཀྲུང་ཡོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་པར་འཁོད།

    མི་སེམས་ཕན་ཚུན་ཤེས་པའི་ལམ་ཞིག་ཡོད།

    ཀྲུང་གོ་བས“མི་ངོ་ཟིན་པར་མི་སེམས་དཔོག་དགོས”ཞེས་བརྗོད་པ་དང་། ཏ་ཟིག་གི་གཏམ་དཔེར“མི་སེམས་ཕན་ཚུན་ཤེས་པའི་ལམ་ཞིག་ཡོད”ཅེས་བརྗོད་ཀྱི་ཡོད། རྒྱལ་ཁབ་མི་འདྲ་བ་དང་། མི་རིཌ་མི་འདྲ་བ། ཤེས་དཔལ་མི་འདྲ་བ་བཅས་ཀྱི་དབར་ལ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རེས། ཞི་མཐུན་མཉམ་གནས་བཅས་མཐའ་འཁྱོངས་བྱེད་དགོས།

    —— 2016ལོའི་ཟླ་1ཚེས་21ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས《དབྱི་རན་ཚཌ་པར》དུ་སྤེལ་བའི་མཚན་བཀོད་རྩོམ་ཡིག《ཀྲུང་དབྱིའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་པར་འཁོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།