[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མཚར་གཏམ་ཐོས་པ་འཛུམ་ཤོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    ལུང་ཁུག་ཅིག་གི་ལམ་ཆུང་དུ་ཇག་པ་ཞིག་གིས་འགྲུལ་པ་ཞིག་བཀག་ནས་གསོན་པོར་འཚོ་འདོད་ན་སྒོར་བརྒྱ་ཁྱེར་ཤོག་ཅེས་བཤད། བསམ་ཡུལ་ལས་འདས་པ་ཞིག་ལ་འགྲུལ་པ་དེ་ནི་མི་སེར་སྣ་ཅན་ཞིག་ཡིན་པས་ཁོས་རང་ཉིད་འཆི་ཁར་ཐུག་ཀྱང་། ཇག་པ་དེར་སྒོར་ལྔ་བཅུ་སྤྲད་ན་འགྲིག་གམ། ད་ལྟ་ང་ཞེད་ནས་བསམ་དྲན་མེད་པར་གྱུར་ཏེ་གཟུགས་པོ་ཕྱེད་ཀ་ཤི་བ་དང་ཁྱད་མིག་འདུག་ཅེས་བཤད་པས། ཇག་པ་དེ་གནས་དེ་གར་འགྱེལ་ཏོ།

    མི་ཞིག་གིས་ཀུ་ཤུ་བརྐུས་པས་བཙོན་ཁང་དུ་ཟླ་བ་གཅིག་བཅུག་པ་རེད། མི་དེས་རླུང་ཚད་མེད་ལང་བཞིན་དུ་ཉེན་རྟོག་པར་ངས་ཀུ་ཤུ་རྒྱ་མ་བཅུ་བརྐུས་པར་ཁྲིམས་ཆད་ནན་པོ་འདི་འདྲ་གཅོད་དགོས་དོན་ཡོད་དམ་ཞེས་བཤད། ཉེན་རྟོག་པས་མི་དེར་མིག་ལོག་ཅིག་བལྟས་པ་དང་སྦྲགས་ལྷོད་ལྷོད་ངང་དེ་སྔོན་སྤྲེའུ་ཞིག་གིས་ཁམ་བུ་རྐང་གཅིག་བརྐུས་པས་ལོ་ལྔ་བརྒྱ་བཙོན་དུ་བཅུག་པ་རེད་ཅེས་བཤད།

    དབྱིག་ཡིག་གི་སློབ་མཇུག་ཡིག་ཚད་སྐབས། འཛིན་གྲྭའི་གཤམ་ནས་བརྩིས་པའི་ཨང་གཉིས་པ་དེས་གཤམ་ནས་བརྩིས་པའི་ཨང་དང་པོ་དེའི་དྲི་ལན་བཤུས་པ་རེད། མཐར་སྦྱངས་འབྲས་དོན་དུས། གཤམ་ནས་བརྩིས་པའི་ཨང་དང་པོ་དེ་མུ་མཐུད་ཨང་གྲངས་དེ་རང་ཡིན་མོད། གཤམ་ནས་བརྩིས་པའི་ཨང་གཉིས་པ་དེའི་སྦྱངས་འབྲས་འཛིན་གྲྭའི་ནང་གི་འབྲིང་གྲས་སུ་བསླེབས་པས། གཤམ་ནས་བརྩིས་པའི་ཨང་དང་པོ་དེ་མགོ་བོ་རབ་ཏུ་རྨོངས་ནས་གཞན་དེར་སྐད་ཆ་མ་དྲིས་ཀ་མེད་བྱུང་། གཤམ་ནས་བརྩིས་པའི་ཨང་གཉིས་པ་དེས“གདམ་གསེས་འདྲི་གཞི་སྐོང་སྐབས། ཁྱེད་དང་ངས་བདམས་པའི་དྲི་ལན་ཕུད་ཚེ་ཡང་དག་པའི་ཚད་གཞི་མཐོ་རུ་འགྲོ་བའི་རྐྱེན་རེད”ཅེས་ལན་བཏབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།