[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ངའི་སྨྱུག་སྒམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཉི་མ་བུ་ཁྲིད།    |    སྤེལ་དུས།   2019-05-26

    ང་ལ་མཛེས་ཤིང་ཡིད་དུ་འོང་བའི་སྨྱུག་སྒམ་ཞིག་ཡོད། དེའི་ཚོན་མདོག་ནི་ངས་དགའ་ཤོས་བྱེད་པའི་ཚོན་མདོག་ཟིང་དཀར་ཡིན། དེ་ནི་ཐེངས་ཤིག་ངའི་སྐྱེས་སྐར་སྐབས་སུ་ཨ་ཅག་གིས་ང་ལ་སྤྲད་པའི་སྐྱེས་སྐར་ལག་རྟགས་ཡིན།

    ངའི་སྨྱུག་སྒམ་དེའི་བཟོ་ལྟ་གྲུ་བཞི་ནར་མོ་ཡིན། དེ་ལ་ཁྱད་ཆོས་སྣ་ཚོགས་ཡོད་པ་ནི་དེའི་སྟེང་ངོས་སུ་སྒམ་ཆུང་ཆུང་དམར་པོ་ཞིག་དང་སྔོན་པོ་ཞིག་ཡོད། སྒམ་སྔོན་པོ་དེ་ཁ་ཕྱེ་བ་ན་དེའི་ནང་ལ་ཞ་སྨྱུག་གི་གཞོགས་གྲི་ཡོད་པ་དང་། སྒམ་དམར་པོ་དེ་ཁ་ཕྱེ་བ་ན་དེའི་ནང་བསུབ་ཏ་ཚོས་གཞི་སྣ་ཚོགས་ཡོད་པ་དེ་དག་སྟེང་རི་མོ་སྣ་ཚོགས་བརྐོས་ཡོད། ད་དུང་སྨྱུག་སྒམ་ཁ་ཕྱེ་བ་ན་དེའི་ནང་དུ་ངོ་ཤེལ་ཡོད་པ་དང་སྨྱུག་སྒམ་དེར་གོང་འོག་རིམ་པ་གཉིས་ཡོད་པ་དེའི་སྟེང་ངོས་སུ་རི་མོ་སྣ་ཚོགས་བརྐོས་ཡོད་པ་དང་བྱིས་པའི་གློག་བརྙན་ཞིག་གི་མི་སྣ་གཙོ་བོ་གངས་དཀར་སྲས་མོ་དང་བཙན་ཆུང་བདུན་པོའི་པར་དང་ཞྭ་དམར་བུ་མོའི་པར་སོགས་བརྐོས་ཡོད་པས་ང་རང་གི་བྱིས་པའི་འཚོ་བ་ལ་རྗེས་དྲན་བྱ་རྒྱུའི་སྨྱུག་སྒམ་ཞིག་ཡིན། ད་དུང་རིམ་པ་དེའི་ནང་ཞ་སྨྱུག་དང་ལྕགས་སྨྱུག་སོགས་མང་པོ་བླུགས་ཡོད་པ་དང་། འོག་ཤོས་ཀྱི་རིམ་པར་ཐིག་ཤིང་དང་སྣག་ཚ་སོགས་བླུགས་ཆོག མདོར་ན་ངའི་སྨྱུག་སྒམ་དེ་ནི་ཧ་ཅང་སྤྱོད་གོ་ཆེ་ལ། ང་རང་ལ་སྟོབས་ཤུགས་ཆེན་པོ་སྦྱིན་ནུས་པའི་སྒམ་ཆུང་རྩ་ཆེན་ཞིག་ཀྱང་ཡིན།

    དེར་བརྟེན། ངས་སྨྱུག་སྒམ་དེ་མ་འོངས་རང་གི་སློབ་སྦྱོང་ལམ་བུའི་ཐོག་གི་སྐྱོ་རོགས་དང་དགའ་རོགས་ཤིག་ཏུ་བརྩིས་ནས་སྨྱུག་སྒམ་དང་མཉམ་དུ་རང་གི་མདུན་ལམ་འཚོལ་བར་བྱེད་ལ། ངས་སྨྱུག་སྒམ་ལ་བཅངས་པའི་བརྩེ་སེམས་དེ་འདྲ་ཞིག་སློབ་སྦྱོང་ཐོག་ལའང་སླེབས་པ་བྱ་རྒྱུ་ཡིན་ལ། སྨྱུག་སྒམ་ལས་བྱུང་བའི་ང་གཉིས་གཅེན་གཅུང་དབར་གྱི་བརྩེ་སེམས་ལ་རྒྱ་ཡང་རྒྱུན་འཁྱོངས་པ་བྱ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།