[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རང་བྱུང་ཁམས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པད་མ་ཆོས་སྒྲོལ།    |    སྤེལ་དུས།   2019-05-26

    ང་ཚོར་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ལང་ཚོ་སྦྱིན་མཁན་དང་། རང་གི་ཡོད་ཚད་བློས་བཏང་ནས་ང་ཚོའི་ཚེ་སྲོག་གི་རྒྱུན་བསྲིངས་མཁན་ནི་ང་ཚོར་བཀའ་དྲིན་རི་རབ་ལས་ལྕི་བའི་རང་བྱུང་ཁམས་ཆེན་པོ་འདི་ཡིན། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་འཚོ་སྡོད་སའི་རང་བྱུང་ཁམས་ཆེན་པོ་འདིར་རང་འདོད་བཞིན་གཏོར་བཤིག་དང་བཙོག་སྐྱོན་རིགས་བཟོ་མི་འོས་ཏེ། འཇིག་རྟེན་འདིར་འཚོ་བཞིན་གནས་པའི་སེམས་ཅན་ཆེ་ཕྲ་ཡོད་ཚད་རང་བྱུང་ཁམས་ཀྱི་བདག་པོ་ཡིན་པ་ལས། ང་ཚོ་འགྲོ་བ་མི་གཅིག་པུ་ནི་རང་བྱུང་ཁམས་འདིའི་བདག་པོ་ག་ལ་ཡིན།

    འགྲོ་བ་མིའི་རིགས་ཀྱི་འགྲོ་སྡོད་སྤྱོད་གསུམ་ཡོད་དོ་ཅོག་གིས་རང་བྱུང་ཁམས་ཀྱི་དར་རྒུད་ལ་ཤུགས་རྐྱེན་ཕོག་གི་ཡོད་ཅིང་། ང་ཚོ་ཚང་མས་རང་གི་མིག་འབྲས་ལ་གཅེས་སྲུང་བྱེད་པ་བཞིན་རང་བྱུང་ཁམས་ཆེན་པོ་འདིར་གཅེས་སྤྲས་བྱས་ཚེ། ང་ཚོར་རིན་ཆེན་མི་ལུས་ཐོབ་པ་དེ་དོན་དང་ལྡན་པ་ཡིན་ལ། ང་ཚོ་ནི་ང་ཚོ་རང་གིས་སྨྲ་བ་བཞིན་འཛམ་བུའི་གླིང་གི་སྲོག་ཆགས་ཡོད་ཚད་ལས་ཆེས་མཐོ་རིམ་སྲོག་ཆགས་སུ་བགྲང་འོས་པ་དེ་ལགས།

    ང་ཚོར་དུས་རྟག་ཏུ་ཞིམ་པའི་ཁ་ཟས་སྦྱིན་མཁན་ནི་རང་བྱུང་ཁམས་རེད་ལ། ང་ཚོ་ནམ་རྒྱུན་དུ་འཇམ་པའི་གྱོན་གོས་གནང་མཁན་ཡང་རང་བྱུང་ཁམས་རེད། ང་ཚོར་སྲོག་ཆགས་སེམས་ཅན་གཞན་དང་མི་འདྲ་བའི་བློ་རིག་སྩོལ་མཁན་ཡང་རང་བྱུང་ཁམས་རེད། ང་ཚོས་གནས་སྐབས་ཀྱི་བདེ་སྐྱིད་ཁ་གང་གི་ཆེད་དུ་རང་ཉིད་་འཚོ་སྡོད་བྱེད་སའི་རང་བྱུང་ཁམས་ཆེན་པོ་འདིར་རྨས་སྐྱོན་གཏོང་མི་རུང་གཤིས། གལ་ཏེ་དེ་ལས་ལྡོག་ན། ང་ཚོས་འགྲོ་བ་མིའི་རིགས་མི་མུས་རྒྱུས་ལ་ཆག་སྒོ་དེ་བས་ཆེ་བ་ཉོ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།