[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྙིང་གཏམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས་དབང་གྲགས།    |    སྤེལ་དུས།   2019-05-26

    ཀྭ་ཡེ་གསན་དང་ན་མཉམ་བློ་གསལ་ཚོ། །

    ཁ་ནས་འདོན་པའི་དབྱངས་གསལ་སོ་བཞི་དེ། །

    ག་དུས་ཡིན་ཡང་མ་བརྗེད་བློ་ལ་བཟུང་། །

    ང་ཅག་ན་གཞོན་རྣམས་ཀྱི་བརྩོན་པའི་རྒྱུ། །

    ཅ་ཅོའི་གཏམ་ལ་མ་གཡེང་རིག་པ་སྒྲིམ། །

    ཆ་ལུགས་ཀུན་མཐུན་ངང་ནས་སློབ་ལ་བརྩོན། །

    ཇ་ཆང་ལོངས་སྤྱོད་འདུ་འཛིར་མ་ཞེན་པར། །

    ཉ་མོ་ཆུ་ནང་འཁྱུག་པའི་རྩལ་ལ་ལྟོས། །

    ཏཱ་ཡང་ཁྱེར་ནས་སློབ་གྲྭར་འགྲོ་བའི་ཚེ། །

    ཐ་ན་སློབ་ལ་འབད་པའི་བློ་མེད་ན། །

    ད་ནི་ཕ་མའི་རེ་བ་ཆུད་ཟོས་དང་། །

    ན་ཆུང་ལང་ཚོ་སྟོང་ཟད་མ་ཡིན་ནམ། །

    པ་ཕའི་རིན་བྲལ་གཏམ་ལ་མི་ཉན་ཞིང་། །

    ཕ་མའི་རེ་བ་མི་སེམས་ཀླད་ཆུང་དག །

    བ་ལང་བརྟུལ་ཞུགས་བསྐྱངས་ནས་མ་བསྡད་པར། །

    མ་མོ་བཞིན་གྱི་ཞི་དུལ་བག་ཡོད་སྐྱོངས། །

    ཙ་རིའི་སྨྱུག་གསར་འདྲ་བའི་བྱིས་པ་ཚོར། །

    ཚ་གྲང་སྡུག་བསྔལ་མྱོང་བའི་སྙིང་སྟོབས་མེད། །

    ཛ་ཡའི་གསུང་རབ་ཤེས་པའི་བློ་སྟོབས་དབེན། །

    ཝ་སྐྱེས་སྡར་མའི་ངང་ཚུལ་མ་བསྐྱེད་ཨང་། །

    ཞ་རས་འཁར་ལ་བརྟེན་པ་ཇི་བཞིན་དུ། །

    ཟབ་ཡངས་མཁྱེན་པའི་སློབ་དཔོན་གྲོགས་སུ་བསྟེན། །

    འ་འུར་དགོད་སྒྲས་ཁེངས་པའི་སློབ་ཁང་ནང་། །

    ཡ་མེད་གྲུབ་འབྲས་གཏོད་པའི་སྙིང་རུས་བསྐྱེད། །

    ར་བ་གངས་བསྐོར་ཡུལ་གྱི་བྱིས་པ་ཚོ། །

    ལ་ཀླུང་བརྒལ་ནས་ཕུགས་བསམ་འཚོལ་ལ་རེམས། །

    ཤ་ཁྲག་གཅིག་པའི་སྤུན་ཟླ་ཙམ་མ་ཟད། །

    ས་སྟེང་འགྲོ་བའི་ལས་དབང་བསམ་བཞིན་འབད། །

    ཧ་ཧུ་དགོད་སྒྲའི་ཁྲོད་དུ་མ་བསྡད་པར།།

    ཨ་ཙི་འཇའ་བཞིན་མཚར་བའི་ལང་ཚོར་གཅེས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།