[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །ཞུ་འཕྲིན་ཆུ་འཛིན་དཀར་པོའི་རང་མདངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྷག་པ།    |    སྤེལ་དུས།   2019-07-28

    ཀ་ཅིའི་རང་མདངས་འཕྲོག་པའི་ལྷག་བསམ་གྱིས། །

    ཁ་ཞེ་གཉིས་མེད་མཛའ་བའི་གྲོགས་གང་ལ། །

    ག་དུས་ཡིན་རུང་ཐུགས་ཁུར་ཆེར་བཞེས་མཁན། །

    ང་ཡི་གྲོགས་ཁྱེད་སྐུ་ཁམས་བཟང་ལགས་སམ། །

    ཅ་བསུན་ཆེ་བའི་འདུ་འཛིའི་གྲོང་ཁྱེར་དང་།

    ཆ་ཙམ་མི་འདྲའི་དགོན་རྙིང་དབེན་གནས་དེར། །

    ཇ་སོགས་རུང་མཐུན་འཚོ་བས་ཆོག་ཤེས་ཀྱིས། །

    ཉ་རྒྱས་ཟླ་འདྲའི་དགེ་སྦྱོར་འཕེལ་ལགས་སམ། །

    ཏ་ཐ་ག་ཏའི་གསུང་རབ་དགོངས་དོན་རྣམས། །

    ཐ་རྒོད་དུག་གསུམ་ཞི་བའི་གཉེན་པོའི་མཆོག།

    ད་ལྟ་རང་ལ་མཇལ་བའི་སྐལ་བཟང་འདིས། །

    ན་འཆིར་འཇིཌ་མེད་གདེང་དང་ལྡན་ལཌ་སམ། །

    པ་སངས་ལྟར་དཀར་འདུལ་ཁྲིམས་གངས་རི་ལ། །

    ཕ་རོལ་ལྟུང་བའི་ནག་ནོག་དྲི་མ་ཡིས། །

    བ་སྤུ་ཙམ་ཡང་མ་གོས་ཆེས་དཀའ་ཡང་།

    མ་ནས་ཚུལ་ཁྲིམས་གཙང་མར་བཞུཌ་ལཌ་སམ། །

    ཙ་ན་ཡིན་ཡང་མི་སྐྱ་ཕོ་མོ་ལ། །

    ཚ་དམྱལ་གྲང་དམྱལ་གསུངས་ནས་མ་བཞུཌ་པར། །

    ཛ་ཡའི་ལྟ་སྤྱོད་ཤིན་ཏུ་གོ་བདེ་རུ། །

    ཝ་ལེར་གསལ་འགྲེལ་གནང་ནས་བཞུཌ་ལཌ་སམ། །

    ར་རི་བྲལ་བའི་དམ་པའི་གཞུང་ལུགས་གང་། །

    ལ་ལ་ཙམ་མིན་ཆ་ཤས་ཡོད་དོ་ཅོག །

    ཤ་ཞེན་ཆེན་པོས་འཛིན་སྐྱོང་སྤེལ་བ་ལ། །

    ས་ལེ་སྦྲམ་བཞིན་གཅེས་འཛིན་གནང་ལགས་སམ། །

    ཧ་ཅང་མཛའ་གཅུགས་ཟབ་པའི་གྲོགས་ཁྱེད་ལ། །

    ཨ་ཕོ་མཐུ་ཆེན་མིང་ཅན་གྲོགས་པོ་ཁོས། །

    ཧ་ཅང་ཉོག་ཞུའི་གཏམ་གྱི་ཞུ་འཕྲིན་འདི། །

    ཨ་རྐང་ལམ་ནས་རེ་ཞིག་རྫོགས་པར་བྱས། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།