[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རང་ཉིད་ཀྱི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་དགོས།​

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-11

    ནམ་ཡིན་ཡང་ཐབས་ལམ་གཅིག་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་མེད། གཞན་གྱི་དོ་སྣང་དང་དམིགས་ས་ཁ་ཐོར་དུ་གཏོང་དགོས་ཏེ། འགྲན་རྩོད་ཐོན་ཚེ་དེ་བས་ཀྱང་ངོ། དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་ཚུར་སྣང་ལ་བརྟེན་ནས་བྱ་བ་སྒྲུབ་མི་རུང་། རང་ཉིད་ཀྱི་རྟག་པ་ཐེར་ཟུག་གི་གཤིས་རྒྱུད་དེ་གཞན་གྱིས་འཕྲལ་དུ་ངེས་ཐུབ་ལ། རང་ཉིད་ཀྱི་གོམ་སྟབས་རྗེས་མའི་འཆར་གཞི་སྔོན་དཔོག་ཐུབ་ནས་ཕམ་པར་བཟོ་སྲིད། ཐད་ཀར་འཕུར་འགྲོ་བའི་བྱ་གཞན་གྱིས་གསོད་སླ་ཡང་ཀྱག་ཀྱོག་ཏུ་འཕུར་བའི་བྱ་གཞན་གྱིས་འཛིན་དཀའ་བའོ། རབ་བྱུང་ན་བསམ་ཕྱོགས་གཉིས་པ་བཞིན་དུ་ཡང་བྱ་མི་རུང་། དེ་ལྟར་ན་མི་རྣམས་ཀྱིས་རང་ཉིད་ཀྱི་འཆར་གཞི་སྔར་བཞིན་མཐིལ་རྟོལ་སླ། དགྲ་བོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་ལྟ་ཞིབ་བྱེད་པས་རང་ཉིད་ལ་ཁྱད་འཕགས་ཀྱི་འཇོན་ཐང་ཡོད་ཁར་ཐབས་ལ་བརྟེན་ནས་རྒྱལ་ཁ་བརྩོན་ལེན་བྱེད་དགོས། རྒྱན་པོ་འགྱེད་མཁན་གྱིས་སྔོན་དཔག་ཐུབ་པའི་སྦག་དེ་གཏན་ནས་རྒྱག་མི་སྲིད་ལ་ཁ་གཏད་ལ་མཁོ་བའི་སྦག་དེ་དེ་བས་མི་རྒྱག་གོ

    (《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་དྲངས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།