[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • དྲིན་ཕ་མ་ལས་ལྷག་བཤེས་གཉེན་བསྟོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་རྭ་ས་རྟ།    |    སྤེལ་དུས།   2019-09-10

    ལུས་སྤྱོད་གཙང་དྲི་ངད་འཐུལ་བ་ལ། །ཐུགས་རིས་མེད་ཉི་ཟླ་གཉིས་ཀྱིས་བརྒྱན། །གསུང་གདམས་པ་ཟབ་པའི་དབྱངས་སྙན་དེ། །རྒྱུད་དྲང་པོས་ལེན་མཁས་བཤེས་གཉེན་བསྟོད། །དུས་བཟང་པོ་དབྱར་གྱི་ལང་ཚོ་ལ། །ཆུང་བྱིས་པའི་ཤེས་རབ་མྱུ་གུ་འབུས། །བྱམས་བཤེས་གཉེན་རྣམ་པས་སྦྲང་ཆར་ཕབ། །དྲིན་འདི་འདྲའི་འབྱུང་གནས་བཤེས་གཉེན་བསྟོད། །གནས་རིག་བཅུའི་ལྡེ་མིག་ཐུགས་ལ་འཆང་། །གཞུང་སྣ་མང་དགོངས་དོན་མ་ལུས་མཁྱེན། །དེང་སྔོན་ཐོན་ཚན་རིག་གནས་ལ་འབུངས། །བློ་ཐབས་ཤེས་བཀྲ་བའི་བཤེས་གཉེན་བསྟོད། །ཡུམ་མེས་རྒྱལ་ཕུགས་འདུན་ཁྱེད་ཚོས་སྐྱོང་། །སྒོས་མི་རིགས་རིག་གནས་ཁྱེད་ཚོས་སྤེལ། །ལམ་མཐུན་སྒྲིལ་སྟོན་པའི་དེད་དཔོན་རེད། །གཞི་བདེ་སྐྱིད་འབྱུང་གནས་བཤེས་གཉེན་བསྟོད། །དུས་མ་འོངས་ཁ་ཕྱོཌ་ད་ལྟ་གླེང་། །དེང་མ་གཡེང་འབད་པའི་འཁོར་ལོ་བསྐོར། །གཏམ་ལུཌ་མཐུན་བསླབ་བྱ་བདག་ཚོར་གནང་། །ཕུགས་བདེ་ལམ་སྟོན་པའི་བཤེས་གཉེན་བསྟོད། །ཁ་བྲལ་མེད་སློབ་བུ་མཉམ་དུ་གནས། །ལུས་གྲིབ་མ་བཞིན་དུ་འགྲོགས་ནས་ཡོང་། །ཐུགས་གངས་དཀར་ལྷ་མོའི་བརྩེ་བར་འཁུ། །ནམ་ལྟོས་མེད་ངལ་བའི་བཤེས་གཉེན་བསྟོད། །ཉིན་ཉི་མ་བཞིན་དུ་ངེད་ཚོར་ཤར། །མཚན་ཟླ་བ་བཞིན་དུ་བདག་ཚོར་ཕྱོགས། །དགུང་སྐར་ཚོཌ་འདྲ་བའི་འཛུམ་དཀར་ཅན། །དྲིན་ཉི་ཟླ་ལས་ལྷག་བཤེས་གཉེན་བསྟོད། །དྲིན་ཕ་ལས་ལྷག་པའི་ཤེས་རབ་ཅན། །བྱམས་མ་ལས་གཅེས་པའི་གཤིས་རྒྱུད་ཅན། །གྲོཌ་བརྩེ་བ་ཅན་ལས་ལྷག་བསམ་དཀར། དྲིན་ཕ་མ་ལས་ལྷག་བཤེས་གཉེན་བསྟོད། །ཕ་ཨ་ཁུ་ལས་ཀྱང་ཐབས་ལ་མཁས། །མ་སྲུ་མོ་ལས་ཀྱང་ཇུས་བཀོད་ཟབ། །གཉེན་སྤུན་མཆེད་ལས་ཀྱང་ཤ་ཚ་ཆེ། །དྲིན་ཤ་རུས་ལས་ལྷག་བཤེས་གཉེན་བསྟོད། །ལྟོགས་ཟས་ལ་ཞེན་པའི་ངང་ཚུལ་བཞིན། །སྐོམ་ཆུ་ལ་ཆགས་པའི་ཉ་མོ་ལྟར། །ནད་སྨན་པ་འདོད་པའི་གདུང་ཤུཌ་བཅས། །ལམ་འདི་གསུམ་ངང་ནས་བཤེས་གཉེན་དྲན། །མགོ་སྤྱི་བོ་ཡང་ཡང་ཞབས་ལ་འདུད། །མིག་ཁྲ་ཆུང་མ་གཡེང་ཞལ་ལ་གཟིཌ། །དུས་འགྱུར་མེད་སློབ་བུའི་སྙིང་ཁའི་དབུས། །ལུས་སྲོག་རྩ་བཞིན་དུ་བཞུཌ་སུ་གསོལ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།