[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཏམ་དཔེ་རྣ་བའི་བུ་རམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    ལྐུགས་པས་ཇ་ཁུ་བཏུང་ཡང་། ཁ་ཏིག་རྒྱག་གི་ཟེར་མི་ཤེས།

    ལྐུགས་པས་སྤྱང་མདོག་བྱས་ན། མངོན་གསལ་གཞན་ལས་དོད་པ།

    ལྐུགས་པས་རྨི་ལམ་རྨིས་པ་བཞིན། བརྗོད་དུ་མེད་པའི་ཉམས་ཤིག་ཤར།

    སྐད་ཆ་མང་འཕྱུགས་འགྲོ། སྐུད་པ་རིང་ན་ཆད་འགྲོ།

    སྐད་ཆར་ཆོ་མི་འདུག སྦུད་པར་དབུགས་མི་འདུག

    སྐད་སེང་གེ་དཀར་མོ་ཆེ་ཡང་། ཕན་ཐོགས་སྒོ་ཁྱི་ནག་ཆུང་ཆེ།

    སྐུ་ཆེ་བ་རི་རྒྱལ་ལྷུན་པོ་འདྲ། ཐུགས་ཆུང་བ་ཨ་བྲའི་རིལ་མ་འདྲ།

    སྐུ་ཉི་མའི་ནང་ལ་བཞུགས་ནས། གསུང་གྲིབ་མའི་ནང་ལ་མ་གསུངས།

    སྐུད་པ་གཅིག་གིས་རས་མི་གྲུབ། སྡོང་པོ་གཅིག་གིས་ནགས་མི་གྲུབ།

    སྐེ་བཅད་ན་སྐེ་ཁྲག་འོ་མ། བྲང་གཤགས་ན་བྲང་ཁོག་དམར་པོ།

    སྐེ་དེ་ལས་རིང་ན་ཡི་དགས་དང་། གཏིང་དེ་ལས་རིང་ན་དམྱལ་བ།

    སྐེད་རགས་ཀྱིས་རྟ་ཐུབ། ལྷམ་སྒྲོག་གིས་ལུག་ཐུབ།

    སྐེད་རགས་མི་བུད་པ། དཔྱི་མགོའི་གདེང་ཚོད།

    སྐྱ་ཀ་ལས་མཛེས་པ་དང་། ཐང་ཤིང་ལས་སྦོམ་པ།

    སྐྱ་ཀས་སྐྱ་ཀར་འཕྱ་རེས། ཕོ་རོག་གིས་ཕོ་རོག་ལ་ནག་རེས།

    སྐྱག་པ་སྐམ་པོ་ཆུས་ཁྱེར་ཀྱང་། སྡེ་པ་གཞུང་གིས་ཀོ་བ་མི་གཏོང་།

    སྐྱབས་བླ་མར་བཅོལ་ན་ཕྱི་མ་བདེ། ལྟོ་ཁྱི་མོར་བླུད་ན་རྐུན་མ་བདེ།

    སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག

    སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་རང་གི་བུ་ཡང་བྲོས།

    སྐྱིད་པའི་རེ་བ་བྱས་ཀྱང་། སྡུག་གི་འཕྲང་ལས་མི་ཐར།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།