[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་བཟོས་པའི་འཕྲིན་གཏོང་སྲུང་སྐར་ཧིན་རྡུ་ཉི་ཞི་ཡའི་འཇིག་རྟེན་འཕུར་སྐྱོད་ཁྲོམ་རར་ཐོག་མར་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཁོངས་གཏོགས་ཀྱི་ཀྲུང་གོ་ཁྲང་ཁྲེང་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི(བསྡུས་མིང“ཁྲང་ཁྲེང་ཀུང་སི”)དང་ཧིན་རྡུ་ཉི་ཞི་ཡ་སྲུང་སྐར་གཉེར་སྐྱོང་ཀུང་སིས“PSNS”ཅ་ཁར་ཐར་ཧིན་རྡུ་ཉི་ཞི་ཡའི“ཕ་ལ་ཕ—N1”(PALAPA—N1)འཕྲིན་གཏོང་སྲུང་སྐར་རྣམ་གྲངས་ཀྱི་གན་རྒྱར་མིང་རྟགས་བཀོད་པ་དེ་ཐོག་ནས་ཀྲུང་གོས་བཟོས་པའི་འཕྲིན་གཏོང་སྲུང་སྐར་ཧིན་རྡུ་ཉི་ཞི་ཡའི་འཇིག་རྟེན་འཕུར་སྐྱོད་ཁྲོམ་རར་ཐོག་མར་ཞུགས་པ་མཚོན་གྱི་ཡོད།

    ཉིན་དེར་ཧིན་རྡུ་ཉི་ཞི་ཡའི་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་པུའུ་ཀྲང་ལུའུ་ཏེ་ཨན་ཐ་ལཱ་དང་། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་སུན་ཏེ་ཝུའེ། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་པའོ་ཧྭ་སོགས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།

    ཁྲང་ཁྲེང་ཀུང་སིའི་སྤྱི་ཁྱབ་དབྱིང་ལི་མིང་གིས“ཕ་ལ་ཕ—N1”རྣམ་གྲངས་ནི་ཁྲང་ཁྲེང་ཀུང་སི་དང་སྤྱོད་མཁན་དབར་བཞག་པའི་འཁོར་ལམ་རྩིས་སྤྲོད་སྲུང་སྐར་གྱི་གན་རྒྱ་12པ་དེ་ཡིན་ལ། རང་རྒྱལ་གྱིས་བཟོས་པའི་འཕྲིན་གཏོང་སྲུང་སྐར་ཐོག་མར་ཧིན་རྡུ་ཉི་ཞི་ཡའི་འཇིག་རྟེན་འཕུར་སྐྱོད་ཁྲོམ་རར་ཚད་བརྒལ་བྱུང་བ་ཞིག་ཀྱང་ཡིན་པས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཐོན་རྫས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་སྔར་བས་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།