[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་མང་པོ་ཨ་ཧྥེ་རི་ཁའི་གློག་ཤུགས་གཟའ་འཁོར་ནང་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    396764_yis_1495084076605_s.jpg

     འདི་ནི་ཟླ་5ཚེས་17ཉིན་ལྷོ་ཨ་ཧྥེ་རི་ཁའི་ཁེ་ཕུའུ་ཏུན་དུ་ལྟ་སྐོར་བས་ཀྲུང་གོ་ཧྭ་ཝེ་ཀུང་སིའི་འགྲེམས་སྟེགས་སུ་ལྟ་སྐོར་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་ཕུའུ་ཏུན་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཨ་ཧྥེ་རི་ཁའི་གཞི་ཁྱོན་ཆེ་ཤོས་ཡིན་པའི་གློག་ཤུགས་ནུས་རྒྱུ་དང་གློག་ནུས་ཞིབ་དཔྱད་ཚད་ལེན་ཡོ་བྱད་དང་དེ་བཞིན་རིག་ནུས་གློག་དྲའི་འགྲེམས་སྟོན“2017ཨ་ཧྥེ་རི་ཁའི་གློག་ཤུགས་གཟའ་འཁོར”ཚེས་16ཉིན་ཁེ་ཕུའུ་ཏུན་དུ་སྤེལ་འགོ་ཚུགས་པ་དང་། འགྲེམས་སྟོན་ཐོག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་80ལྷག་ཙམ་གྱི་ཚོང་པ་300ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པའི་ཁྲོད་ཀྲུང་གོའི་ཁེ་ལས་མང་པོ་ཚུད་ཡོད།

    གོང་ཚེས་ཉིན་ཀྲུང་གོ་ཧྭ་ཝུའེ་ཀུང་སི་དང་ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སི་སོགས་ཀྲུང་གོའི་ཁེ་ལས་མང་པོ་འགྲེམས་སྟོན་ནང་ཞུགས་པར་དོ་ཁུར་བྱེད་མཁན་མང་པོ་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཧྭ་ཝུའེ་ཡིས“ICTརིག་ནུས་གློག་དྲའི་ལམ་བུའི་ཕྱོགས་སུ་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་སྟོན་ནང་ཞུགས་པ་དང་། ཀུང་སི་དེས་ད་དུང་ཚེས་17ཉིན་གཙོ་གཉེར་ཕྱོགས་དང་མཉམ་འབྲེལ་བྱས་ནས་སྐབས་ལྔ་པའི་ཧྭ་ཝུའེ་གོ་ལ་ཧྲིལ་པོའི་གློག་ཤུགས་དབུ་ཚོགས་གཉེར་རྒྱུ་ཡིན་པར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་གློག་ཤུགས་ལས་རིགས་ཀྱི་ཐབས་ཇུས་འགོད་མཁན་དང་། རིགས་གཅིག་མཁས་ཅན། ལག་རྩལ་གཙོ་གཉེར་མི་སྣ་བཅས་གདན་དྲངས་ཏེ་གློག་ཤུགས་ལས་རིགས་གྲངས་གཞི་ཅན་དུ་འགྱུར་རྒྱུར་ཐུན་མོང་ཐོག་འཚོལ་ཞིབ་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཨ་ཧྥེ་རི་ཁའི་གློག་ཤུགས་གཟའ་འཁོར་དེ་དབུ་ཚོགས་གླེང་སྟེགས་ཀྱི་ཚོགས་འདུ་དང་ཐོན་ཟོག་འགྲེམས་སྟོན་ཁག་གཉིས་ལས་གྲུབ་པ་དང་། ཐོན་ཟོག་འགྲེམས་སྟོན་ནང་གློག་གཏོང་དང་། ཉི་ནུས། ཆུ་གློག རླུང་གློག གློག་ནུས་ཞིབ་དཔྱད་ཚད་ལེན་ཡོ་བྱད། གློག་ཤུགས་སྤྱོད་ཆེ་བ་ཚོང་པ། ཆུ་དོན་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད།

    འགྲེམས་སྟོན་བྱེད་རིང་། ཚོགས་ཞུགས་འཐུས་མིས་ཨ་ཧྥེ་རི་ཁའི་གློག་ཤུགས་ནུས་རྒྱུ་རྒྱུན་སྲིང་གསར་སྤེལ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་ཐད་བགྲོ་གླེང་བྱ་རྒྱུ་དང་ཆབས་ཅིག་འབྲེལ་ཡོད་ཀྱི་ཇུས་གཞིའང་བཟོ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།