[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་ཐའེ་དབན་གྱིས་རི་པིན་དང་སྤེལ་རེས་བྱེད་པའི་སྐར་ཁུང་གི་མིང་བསྒྱུར་བར་བརྡ་ལན་སློག་པ་མ་ཟད། རི་པིན་ཕྱོགས་ལ་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པའི་ལྕག་སྐུལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རི་པིན་སྲིད་གཞུང་དང་ཐའེ་དབན་དབང་འཛིན་ལས་ཁུངས་གཉིས་ཀྱིས་ངན་ཇུས་མཉམ་འགོད་བྱས་ཏེ་ཐའེ་དབན་གྱིས་རི་པིན་དང་སྤེལ་རེས་བྱེད་པའི་སྐར་ཁུང་སྟེ“ཨེ་ཤེ་ཡ་ཤར་མའི་འབྲེལ་བའི་མཐུན་ཚོགས”ཞེས་པ“ཐའེ་དབན་དང་རི་པིན་གྱི་འབྲེལ་བའི་མཐུན་ཚོགས”ཞེས་པར་མིང་བསྒྱུར་ནས་རི་པིན་དང་ཐའེ་དབན་གྱི་དངོས་ཡོད་ཀྱི་འབྲེལ་བ་མཐོ་རུ་གཏོང་རྒྱུའི་རེ་ངན་བཅངས་པར་ཀྲུང་གོ་ཕྱོགས་ནས་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་ཡིན། རི་པིན་ཕྱོགས་ལ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཀྲུང་རིའི་འབྲེལ་བར་འགོག་རྐྱེན་གསར་པ་མི་བཟོ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་ཚེས་17ཉིན་མཛད་སྒོ་འཚོགས་ཏེ་ཐའེ་དབན་གྱིས་རི་པིན་དང་སྤེལ་རེས་བྱེད་པའི་སྐར་ཁུང་སྟེ“ཨེ་ཤེ་ཡ་ཤར་མའི་འབྲེལ་བའི་མཐུན་ཚོགས”ཞེས་པ་ཉིན་དེ་ནས་བཟུང“ཐའེ་དབན་དང་རི་པིན་གྱི་འབྲེལ་བའི་མཐུན་ཚོགས”ཞེས་པར་མིང་བསྒྱུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག “རི་པིན་དང་ཐའེ་དབན་གྱི་སྤེལ་རེས་མཐུན་ཚོགས”ཀྱི་འཐུས་མི་ཀྲའོ་ཐན་ཀན་ཧྥུ་ཡང་མཛད་སྒོར་ཞུགས་འདུག དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    ཧྭ་ཁྲུན་ཡིང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་རྣམ་པ་གང་རུང་གི་ཐོག་ནས་ཐའེ་དབན་དང་གཞུང་ཕྱོགས་ཀྱི་འབྲེལ་བ་བྱེད་པར་ཀྲུང་གོ་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རི་པིན་སྲིད་གཞུང་དང་ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་ཇུས་ངན་མཉམ་འགོད་བྱས་ཏེ་ཐའེ་དབན་གྱིས་རི་པིན་དང་སྤེལ་རེས་བྱེད་པའི་སྐར་ཁུང་སྟེ“ཨེ་ཤེ་ཡ་ཤར་མའི་འབྲེལ་བའི་མཐུན་ཚོགས”ཞེས་པ“ཐའེ་དབན་དང་རི་པིན་གྱི་འབྲེལ་བའི་མཐུན་ཚོགས”ཞེས་པར་མིང་བསྒྱུར་ནས་རི་པིན་དང་ཐའེ་དབན་གྱི་དངོས་ཡོད་ཀྱི་འབྲེལ་བ་མཐོ་རུ་གཏོང་རྒྱུའི་རེ་ངན་བཅངས་པར་ཀྲུང་གོ་ཕྱོགས་ནས་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ《ཀྲུང་རིའི་མཉམ་འབྲེལ་གསལ་བསྒྲགས》ནང་གཏན་འཁེལ་བྱས་པའི་རྩ་དོན་དང་ད་བར་ཀྲུང་གོ་ཕྱོགས་ལ་ཁས་ལེན་བྱས་པ་དག་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། ལག་ལེན་དངོས་ཀྱི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པ། ཐའེ་དབན་དབང་འཛིན་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནོར་འཁྲུལ་གྱི་ཆ་འཕྲིན་མི་གཏོང་བ། ཀྲུང་རིའི་འབྲེལ་བར་འགོག་རྐྱེན་གསར་པ་བཟོ་མི་རུང་བ་བཅས་ཀྱི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    “ང་ཚོས་ཀྱང་ཐའེ་དབན་དབང་འཛིན་ལས་ཁུངས་ལ‘ཀྲུང་གོ་གཉིས’དང‘ཀྲུང་གོ་གཅིག་དང་ཐའེ་དབན་གཅིག’བཟོ་འདོད་པའི་ལྐོག་གཡོ་གང་ཞིག་ཡིན་རུང་ཚང་མ་ནམ་ཡང་གྲུབ་མི་སྲིད་ཅེས་ནན་གྱིས་ཤོད་རྒྱུ་ཡིན”ཞེས་ཧྭ་ཁྲུན་ཡིང་གིས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།