[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་9ཚེས་1ཉིན་ནས་བཟུང་ཀྲུང་གོ་དང་སུའེ་ཙེར་གྱི་འགག་སྒོ་ལས་ཁུངས་ཀྱིས་AEOཕན་ཚུན་ཁས་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་10ཉིན་གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་སུའེ་ཙེར་གྱི་འགག་སྒོ་ལས་ཁུངས་ཀྱིས་ཟླ་9ཚེས་1ཉིན་ནས་བཟུང་AEOཕན་ཚུན་ཁས་ལེན་བྱ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་པོས་དཔང་བདེན་ར་སྤྲོད་བྱས་རྗེས་ཁེ་ལས་ཀྱིས་འགག་སྒོར་ལས་སྒོ་གཉེར་སྐབས་ཕར་ཕྱོཌ་ཀྱི་འགག་སྒོས་འགག་སྒོ་སྒྲོལ་བར་སྐྲུན་པའི་སྟབས་བདེ་ལོངས་སུ་སྤྱད་ཆོག་གི་ཡོད།

    AEOནི“དཔང་བདེན་ར་སྤྲོད་བྱས་རྗེས་ཀྱི་གཉེར་སྐྱོང་བ”ཞེས་པའི་དབྱིན་ཡིག་གི་བསྡུས་མིང་རེད། རྒྱལ་སྤྱིའི་ཀུན་སྤྱོད་སྒྲིག་སྲོལ་ལྟར་ན། འགག་སྒོས་ཡིད་རྟོན་གནས་ཚུལ་དང་། ཁྲིམས་སྲུང་ཚད་གཞི། བདེ་འཇགས་དོ་དམ་བཅས་ཡག་པོ་ཡོད་པའི་ཁེ་ལས་ལ་དཔང་བདེན་ར་སྤྲོད་དང་ཁས་ལེན་བྱེད་པ་དང་དཔང་འདོན་ར་སྤྲོད་ཐོབ་རྗེས་ཀྱི་ཁེ་ལས་ལ་འགག་སྒོ་སྒྲོལ་སྐབས་གཟིགས་སྐྱོང་དང་སྟབས་བདེ་སྐྲུན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སུའེ་ཙེར་ཕུད། ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་ཡོ་རོབ་མནའ་འབྲེལ་དང་། སིང་ཀ་ཕོར། ཧན་གོ ནེའུ་ཙི་ལན་བཅས་དངAEOཕན་ཚུན་ཁས་ལེན་བྱུང་བ་དང་། ནང་ས་དང་ཤང་ཀང་དབར་ཡང་འབྲེལ་ཡོད་ཀྱི་བཀོད་སྒྲིག་བྱས་ཡོད། མིག་སྔར་ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་ཨ་རི་དང་། རི་པིན། ཨོ་སི་ཁྲུ་ལི་ཡ་སོགས་ཉོ་ཚོང་རྒྱལ་ཁབ་གཙོ་བོ་དང་། ཨུ་རུ་སུ་དང་། ཧ་སག་སི་ཐན། མ་ལེ་ཞི་ཡ། དབྱི་སི་རལ། ལྷོ་ཨ་ཧྥེ་རི་ཁ་སོགས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགག་སྒོ་ལས་ཁུངས་དངAEOཕན་ཚུན་ཁས་ལེན་དང་མཉམ་ལས་གང་མགྱོགས་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་གི“ཕན་ཚུན་འབྲེལ་མཐུད”དང་ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།