[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནེའུ་ཙི་ལན་གྱི་ཙུང་ལི་གཞོན་པས་ནེའུ་ཀྲུང་གི་འབྲེལ་བར་བསྔགས་བརྗོད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལིང་ཐོན་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་5ཉིན་ནེའུ་ཙི་ལན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་དབུན་སི་ཏུན·པི་ཏེ་སིས་ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་དུ་གཏམ་བཤད་སྤེལ་སྐབས་ནེའུ་ཙི་ལན་དང་ཀྲུང་གོའི་དབར་གྱི་འབྲེལ་བ“དམ་ཟབ་དང་། དགེ་མཚན་ལྡན་པ། སྔར་བས་ལེགས་སུ་སོང་བ་བཅས་ཡོད”ཅེས་བརྗོད་པ་རེད།

    དེ་ཉིན་པི་ཏེ་སིས་ཝེ་ལིང་ཐོན་ཝེ་ཏུའོ་ལི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་དང་ནེའུ་ཙི་ལན་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་ཝེ་ལིང་ཐོན་ཡན་ལག་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཞིང་། ད་ཐེངས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་ནི་ཀྲུང་ནེའུ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་བར་དྲན་གསོ་ཞུ་ཆེད་འཚོགས་པ་ཞིག་ཡིན་པ་རེད།

    པི་ཏེ་སིས་ད་ལྟའི་དུས་མཚམས་སུ་ནེའུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་ཀྲུང་གོ་འདི་ཉིད་ནེའུ་ཙི་ལན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གཉིས་པ་དང་ཚོང་ཟོག་ཕྱིར་གཏོང་བྱ་ཡུལ་ཆེ་གྲས་ཨང་དང་པོར་གྱུར་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་ནི་ནེའུ་ཙི་ལན་གྱི་རྒྱལ་སྤྱིའི་ཡུལ་སྐོར་གྱི་འགྲུལ་ཁུངས་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་དེ་ཡིན་ལ་ནེའུ་ཙི་ལན་བའི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་ཆེ་གྲས་ཨང་ལྔ་པ་དེའང་ཡིན། མིག་སྔར་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁྲི་3.8ཙམ་གྱིས་ནེའུ་ཙི་ལན་དུ་སློབ་སྦྱོང་བྱེད་པ་དང་ནེའུ་ཙི་ལན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་4ཙམ་གྱིས་རྒྱ་ཡིག་སྦྱོང་གི་ཡོད། རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་བྱེད་མང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

    པི་ཏེ་སིས་ནེའུ་ཀྲུང་འབྲེལ་བ་དེ་མི་དཀྱུས་མའི་དབར་འགྲོ་འོང་བྱེད་པ་ལས་བྱུང་བ་དང་ནེའུ་ཙི་ལན་སྲིད་གཞུང་གི་ནེའུ་ཀྲུང་འབྲེལ་བའི་སླད་ཕྱིན་འཕེལ་རྒྱས་ཐད་ཀྱི་ཡིད་ཆེས་ཀྱང་དམངས་ཚོགས་དབར་གྱི་འབྲེལ་བ་དམ་ཟབ་ལས་བྱུང་བ་ཞིག་ཡིན། ནེའུ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་དང་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་ཕན་བདེ་བསྐྲུན་རྒྱུར་དོ་ཁུར་བྱེད་པ་དང་ནེའུ་ཙི་ལན་སྲིད་གཞུང་གིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱ་རྒྱུ་མུ་མཐུད་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།