[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྒྲིག་ཆས་ཀྱིས་ལེ་པ་ནོན་གྱི་འཐུང་ཆུའི་ལས་གྲྭ་འཛུགས་སྐྲུན་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ལི་ལེང་ཡུང་།    |    སྤེལ་དུས།   2018-01-14

    མི་རིང་བའི་གོང་ལེ་པ་ནོན་གྱི་ཏ་པེ་ལུའུ་ཐའེ་འཐུང་ཆུའི་ལས་གྲྭའི་དུས་མཚམས་དང་པོའི་རྣམ་གྲངས་དང་རིང་ཚད་སྤྱི་ལེ་4ཙམ་གྱི་ཕུག་ལམ་ཏལ་འབིགས་གཏོང་ཐུབ་པ་བྱུང་ཡོད། ཕུག་ལམ་བདེ་བླག་ངང་ཏལ་འབིགས་གཏོང་ཐུབ་པ་བྱུང་བ་དེ་ལེ་པ་ནོན་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་ལྟར་གྱི་བྱ་བ་ཞིག་རེད།

    ཏ་པེ་ལུའུ་ཐའེ་འཐུང་ཆུའི་ལས་གྲྭའི་རྣམ་གྲངས་ནི་ལེ་པ་ནོན་གྱི་མིག་སྔའི་ཆེས་གལ་འགངས་ཆེ་ཤོས་ཀྱི་དམངས་འཚོའི་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་པེ་ལུའུ་ཐའེ་འགྲམ་གྱི་ཨ་ཝ་ལི་དང་ལི་ཐ་ཉིའི་གཙང་པོ་གཉིས་ཀྱི་ཆུ་ཏ་པེ་ལུའུ་ཐེ་ས་ཁུལ་དུ་འདྲེན་ནས་ས་ཁུལ་འདིར་ལོ་40ལྷག་ཙམ་རིང་འཐུང་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།

    རྣམ་གྲངས་གཙོ་གཉེར་དོ་དམ་བྱེད་མཁན་ལེ་པ་ནོན་འཕེལ་རྒྱས་དང་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་རྣམ་གྲངས་ཀྱི་ཅིང་ལི་ཨའེ་ལི·མུའུ་ས་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ནི་ཏ་པེ་ལུའུ་ཐེ་ཁུལ་གྱི“ལས་གྲྭ་དང་པོ”དེ་རེད། 2019ལོར་ལས་མཇུག་འགྲིལ་རྒྱུ་དང་རྣམ་གྲངས་བསྐྲུན་རྗེས་པེ་ལུའུ་ཐེ་ཁུལ་ཧྲིལ་པོར་ཆུ་མཁོ་འདོན་ཐུབ་རྒྱུ་དང་འབྲེལ་དམངས་ཚོགས་ཁྲི་160ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།

    རྣམ་གྲངས་དེར་འཛམ་གླིང་དངུལ་ཁང་གིས་ཁྱོན་ཨ་སྒོར་དུང་ཕྱུར་གཉིས་ཙམ་བཏང་ཡོད། དབྱི་ཐ་ལི་CMCཀུང་སིར་2014ལོའི་ཟླ་བཅུ་གཉིས་པར་རྣམ་གྲངས་དེ་རག་པ་དང་འབྲེལ་2015ལོའི་ཟླ་བཅུ་གཅིག་པར་བསྐྲུན་འགོ་ཚུགས་ཡོད། བསྐྲུན་པའི་བརྒྱུད་རིམ་ནང་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ལྕགས་ལམ་ཀུང་སི་ནས་ནང་འདྲེན་བྱས་པའི་ཏལ་འབིགས་འཕྲུལ་ཆས་གཉིས་སྤྱད་པ་དང་ཀྲུང་གོ་ལས་གྲྭ་ཀུང་སིའི་ལག་རྩལ་མི་སྣ་100ལྷག་ཙམ་གདན་ཞུ་བྱས་ཡོད།

    ཀྲུང་གོ་ལྕགས་ལམ་སྒྲིག་ཆས་ཀུང་སིའི་སྤྱི་ཁྱབ་དཔལ་འབྱོར་ལག་རྩལ་ཆེ་མོ་བ་གཞོན་པ་ཝུའུ་ཤའོ་པོ་ཡིས་CMCལ་རྣམ་གྲངས་དེ་རག་རྗེས་ཀྲུང་གོ་ལྕགས་ལམ་སྒྲིག་ཆས་ཀུང་སི་དང་ལག་རྩལ་སྤེལ་རེས་ཐེངས་མང་བྱས་མཐར་ང་ཚོའི་སྒྲིག་ཆས་བདམས་ཡོད། ཇུས་འགོད་དང་བཟོ་སྐྲུན་ནས་བཙོངས་རྗེས་ཀྱི་ཞབས་ཞུའི་བར་ཀྲུང་གོས་དབྱི་ཐ་ལི་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཡོད། ཚང་མའི་ཐུན་མོང་གི་འབད་བརྩོན་འོག་རྣམ་གྲངས་དེར་ད་ཆ་ཐོག་མའི་གྲུབ་འབྲས་ཐོབ་པ་དང་ཕུག་ལམ་དང་པོ་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད་ཅེས་བཤད།

    ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚན་ཙན་ཀྲང་ཧྥང་ལིན་གྱིས“ཀྲུང་གོ་ལྕགས་ལམ་སྒྲིག་ཆས་ཀུང་སིའི་ཏལ་འབིགས་འཕྲུལ་ཆས་གཉིས་ནི་ཀྲུང་གོའི་སྤུས་ལེགས་སྒྲིག་ཆས་ཀྱི་གྲས་རེད། དེ་ཡང‘རྒྱུད་གཅིག་ལམ་གཅིག’གི་སྒྲོམ་གཞིའི་འོག་ཀྲུང་གོའི་སྒྲིག་ཆས་དང་ཀྲུང་གོའི་ཁེ་ལས་ཀྱིས་ལེ་པ་ནོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད”ཅེས་བཤད།

    ཀྲང་ཧྥང་ལིན་གྱིས་ལེ་པ་ནོན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁེ་ལས་ལེ་པ་ནོན་གྱི་རྒྱལ་ཁབ་བསྐྱར་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་བརྟེན་ནས་སླད་ཕྱིན་ཀྲུང་གོའི་སྤུས་ལེགས་སྒྲིག་ཆས་དང་ཁེ་ལས་དེ་བས་མང་བ་ལེ་པ་ནོན་དུ་ཡོང་ནས་ས་གནས་དེའི་འཛུགས་སྐྲུན་ནང་ཞུགས་ཏེ་དམངས་ཚོགས་ལ་ཕན་པ་བསྐྲུན་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།