[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆིན་ཧྲི་ཧོང་གི་དུར་རྫས་རྫ་བཟོས་གྱད་རྟའི་དམིགས་བསལ་འགྲེམས་སྟོན་ཆེ་གྲས་དབྱིན་ཇིར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    483201_yis_1518412660450.jpg

    ཀྲུང་གོ་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་དང་དབྱིན་ཇིའི་ལི་ཝུའུ་ཕུའུ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་དུ་གཉེར་བའི“ཆིན་ཧྲི་ཧོང་གི་དུར་རྫས་རྫ་བཟོས་གྱད་རྟའི་འགྲེམས་སྟོན”ཚེས་9ཉིན་ལི་ཝུའུ་ཕུའུ་འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་སུ་འགོ་ཚུགས་པ་རེད། དེ་ནི་ལོ་11སོང་རྗེས་དུར་རྫས་རྫ་བཟོས་གྱད་རྟ་སླར་ཡང་དབྱིན་ཇིར་འགྲེམས་སྟོན་བྱས་པ་ཞིག་རེད། གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་ནང་ཁྱོན་བཤམས་རྫས་125(ཚོགས་པ)ཡོད་པ་དེའི་ནང་བཤམས་རྫས་120(ཚོགས་པ)ནི་རིག་དངོས་བཤམས་རྫས་ཡིན་པ་དང་5(ཚོགས་པ)ནི་རམ་འདེགས་བཤམས་རྫས་ཡིན་པ་རེད། འགྲེམས་སྟོན་གྱི་ནང་དོན་ནི་ཆིན་རྒྱལ་རབས་ཀྱི་དུར་རྫས་རྫ་བཟོས་གྱད་རྟ་གཙོ་བོར་བྱས་པ་དང་། ཁྲུན་ཆིའུ་ཀྲན་གོའི་དུས་རབས་དང་དེ་བཞིན་ཧན་རྒྱལ་རབས་ཀྱི་རྫ་ཆས་དང་། ལིའི་ཡོ་བྱད། གསེར་དངུལ་ཡོ་བྱད། གཡང་ཊིའི་ཡོ་བྱད་སོགས་རམ་འདེགས་སུ་བྱས་ཡོད་པ་རེད། བཤམས་རྫས་ལ་ལོ་ངོ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་པའི་སྔ་རྗེས་དང་དེ་བཞིན་ཧན་རྒྱལ་རབས་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས་སོགས་སྤྱི་ཚོགས་ཀྱི་རྣམ་པ་གཅིག་སྡུད་ཐོག་མངོན་ཡོད། འདི་ནི་ཟླ་2ཚེས་8ཉིན་དབྱིན་ཇིའི་ལི་ཝུའུ་ཕུའུ་འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་དུ་ལས་དོན་མི་སྣ་ཞིག་གིས་དུར་རྫས་རྫ་བཟོས་གྱད་རྟའི་མདུན་ནས་སྐྱོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།