[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་སུའུ་ཏན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ལ་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི“ལྗང་མདོག་སྒར་སའི”གཟི་བརྗིད་མཚན་སྙན་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ལྷོ་སུའུ་ཏན་གྱི་ཝ་ཝུའུ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཚེས་5ཉིན་ལྷོ་སུའུ་ཏན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ཁག་བརྒྱད་པར་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པས་ལོ་འཁོར་གྱི“ལྗང་མདོག་སྒར་སའི”ཚོད་སྐོར་ཞིབ་བཤེར་བྱས་པ་བརྒྱུད་མིག་སྔའི་ལས་འགན་སྒྲུབ་ཁུལ་དུ་གཟི་བརྗིད་མཚན་སྙན་དེ་ཐེངས་དང་པོ་ཐོབ་མཁན་གྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་འབའ་ཞིག་དེར་གྱུར་པ་རེད།

    “ལྗང་མདོག་སྒར་སའི”ཚོད་སྐོར་ནི་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་བཟོ་སྐྲུན་པུས་ལོ་ལྟར་དམག་མི་གཏོང་མཁན་རྒྱལ་ཁབ་ཀྱི་དཔུང་སྡེའི་སྒར་ཁུལ་གྱི་ཁོར་ཡུག་གནས་ཚུལ་ལ་ཕྱོགས་བསྡུས་རང་བཞིན་གྱི་ཚོད་སྐོར་བྱེད་པ་ཞིག་ཡིན་ཞིང་། དེ་ནི་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་ལས་འགན་སྒྲུབ་ཁུལ་ཁག་གི་ཁོར་ཡུག་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ནད་ཡམས་ཐོན་པ་དང་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་བ། ལྷོ་སུའུ་ཏན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་རེད།

    ད་རེས་ཀྱི་ཚོད་སྐོར་ཞིབ་བཤེར་ནང་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་ཚོད་སྐོར་ཚོགས་ཆུང་གིས་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གི་ཆུ་དང་ཆུ་སྙིགས་ཐག་གཅོད་བྱ་ཐབས་དང་། སྤྱིར་བཏང་གི་སྲ་གཟུགས་བེད་མེད་དངོས་པོ་དང་ཉེན་ཆེའི་བེད་མེད་དངོས་པོ་དོ་དམ། ནུས་རྒྱུ་བེད་སྤྱོད་ཐུབ་ཚད། རང་བྱུང་ཐོན་ཁུངས་དོ་དམ། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་སོགས་རིགས་ཁག་7གྱི་ཁོར་ཡུག་ཚོད་སྐོར་ནང་དོན་40ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གི་ཚོད་སྐོར་ཁག་ཚང་མ“ལྗང་མདོག་གི་ཚད་གཞིར”སླེབས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།